པ་ཀི་སི་ཐན་གྱི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོ།

ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་མཆོག་པ་ཀི་སི་ཐན་གྱི་གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་གྱི་སྲིད་སྟོན་གྱི་མཛད་སྒོར་ཆེད་ཕེབས་གནང་འཆར།

༄༅༎ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ ཧ་མིརྡ་ཀར་ཛའེ་ མཆོག་ པ་ཀི་སི་ཐན་གྱི་གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་ ཨ་སིཕ་ཨ་ལི་ ཛར་རྡ་རི་ ཡི་སྲིད་སྟོན་གྱི་མཛད་སྒོར་ཆེད་ཕེབས་གནང་འཆར་ཡོད་སྐོར་ ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབས་པས་གསལ་བསྒྲགས་གནང་ཡོད་པ་རེད་

པ་ཀི་སི་ཐན་གྱི་སྲིད་བློན་དམ་པ་ལྕམ་སྦེ་ནེ་ཛིར་སྦུ་ཊོའི་སྐུ་ཟླ་ཨ་སིཕ་ཨ་ལི་ཛར་རྡ་རི་རེས་གཟའ་སྤེན་པའི་ཉིན་ པ་ཀི་སི་ཐན་གྱི་དབུས་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་པས་འོས་འཕེན་ནས་ ཁོང་པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་ པར་ལྦེཛ་མུ་ཤ་རཕ་ གྱི་ཚབ་ཏུ་སྲིད་འཛིན་གསར་པར་འོས་འདེམས་བྱུང་ཡོད་པ་རེད་

པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་མུ་ཤ་རཕ་དང་ ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ཀར་ཛའེ་གཉིས་ཀྱི་དབར་གཞུང་འབྲེལ་འབྲེལ་ལམ་དེ་ཙམ་ཡག་པོ་ཞིགམེད་པ་ཡོངས་བསྒྲགས་ལྟར་ ཨབ་ག་ནི་སི་ཐན་གྱི་སྲིད་འཛིན་ཀར་ཛའེ་སྲིད་གཞུང་གི་རེ་བར་ པ་ཀི་སི་ཐན་ནང་སྲིད་འཛིན་འཕོ་འགྱུར་དང་འབྲེལ་ ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཡང་སྔར་ལྷག་བཟང་བ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད་

དེ་ནི་གཙོ་བོ་ ཨབ་ག་ནི་སི་ཐན་དང་ས་འབྲེལ་གྱི་ པ་ཀི་སི་ཐན་གྱི་མངའ་ཁུལ་ནས་ ཨབ་ག་ནི་སི་ཐན་ནང་ཊ་ལི་སྦའན་དྲག་སྤྱོད་པས་དྲག་རྒོལ་གྱི་དཀའ་ངལ་བཟོ་བཞིན་པ་ཁག་ལ་ པ་ཀི་སི་ཐན་གྱི་སྲིད་གཞུང་གསར་པས་བཀག་སྡོམ་དམ་བསྒྲགས་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org