བོད་ཀྱི་བེུད་ཀྱི་ནུས་ཤགུས་སྤེལ་ཐབས་སྲིད་ཇུས་གཏན་འབེབས།
བཙན་བྱོལ་བོད་གཞུང་ནས་བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་སུ་དམིགས་ནས་སྲིད་བྱུས་གཏན་འབེབས་ཀྱི་གསལ་བསྒྲགས་གནང་ཡོད་འདུག
-
2008-10-15 -
-
-
༄༅༎ཉེ་ཆར་བཙན་བྱོལ་བོད་གཞུང་ནས་མང་གཙོའི་དུས་ཆེན་ཉིན་མོར་བཙན་བྱོལ་ནང་བེུད་ཀྱི་ནུས་ཤུགས་སྤེལ་ཐབས་སུ་དམིགས་ནས་ལས་འཆར་གསར་གཏོད་གནང་གི་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར་ཁ་ས་ཚེས་བཅུ་བཞི་ཉིན་བོད་གཞུང་བཀའ་ཤག་ནས་དོན་ཚན་བརྒྱད་འཁོད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད་པའི་སྤྱི་བསྒྲགས་སྤེལ་གནང་འདུག གོང་ཞུས་སྤྱི་བསྒྲགས་དེའི་ནང་སྤྱིར་བཏང་བོད་དུ་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་ཡུལ་མི་ཕོ་མོ་འདྲ་མཉམ་མེད་པའམ་ཕན་ཚུན་གཉའ་གནོན་བཤུ་གཞོག་གི་དཀའ་རྙོག་བྱུང་མྱོང་མེད་ཅིང་ལྷག་པར་དུ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་ནང་པའི་ལྟ་གྲུབ་ཏུའང་དེ་ལྟར་ཁྱད་པར་མེད་ལུགས་ལུང་འདྲེན་གནང་བ་དང་སྦྲགས་རྒྱ་གར་གྱི་སྐྱེས་བུ་དམ་པ་གན་རྡིའི་ལྟ་གྲུབ་ནང་དུའང་བུད་མེད་ལ་ཆེ་ཐོངས་ཆེན་པོ་གནང་ཡོད་པ་སོགས་འཁོད་གནང་ཡོད་འདུག
གོང་ཞུས་སྲིད་བྱུས་དོན་ཚན་བརྒྱད་ཀྱི་ནང་དོན་གཙོ་བོ།
{༡}་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བཙུན་མའི་གྲངས་འབོར་ཇེ་མང་དུ་འགྲོ་གི་ཡོད་པའི་ཆ་ནས་བཙུན་དགོན་ཁག་གི་ནང་སློབ་གཉེར་རྒྱ་ཆེ་རུ་གཏོང་རྒྱུ་དང་དགེ་སློང་མའི་གྲངས་འབོར་སླར་གསོ་ཡང་ཐབས།
{༢}རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་སྒར་ཁག་གི་ནང་འཐུས་མི་དང་ས་གནས་འགོ་འཛིན་སོགས་འགན་ཡོད་རྣམས་བུད་མེད་གང་མང་ཡོང་ཐབས་བྱེད་རྒྱུ།
{༣}གཞི་རིམ་ནས་མཐོ་རིམ་སློབ་གཉེར་འགྲོ་མཁན་བུད་མེད་གཅིག་གྱུར་མཉམ་ཞུགས་ཡོང་ཐབས།
{༤}
དགེ་རྒན་གྱི་ལས་རིགས་ནང་བུད་མེད་གང་མང་མཉམ་ཞུགས་ཡོང་ཐབས།
{༥}འཕྲོད་བསྟེན་ཐོག་སྐྱེས་མའི་འགན་ཆེ་བ་ཡོད་པའི་ཆ་ནས་འཕྲོད་བསྟེན་གྱི་སློབ་གསོ་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་ཐབས།
{༦}
སློབ་གྲྭ་ཁག་གི་ནང་རྩེད་མོའི་འགྲན་བསྡུར་ནང་འདྲ་མཉམ་ཞུགས་ཐབས།
{༧}སྲིད་བྱུས་དེ་དག་ལམ་ལྷོང་ཡོང་ཐབས་སུ་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུའི་ཟབ་སྦྱོང་སོགས་ཀྱི་ལས་འཆར་གསར་གཏོད་བྱེད་རྒྱུ་སོགས་འཁོད་ཡོད་པ་བཅས་གང་ལྟར་ད་ལྟའི་འཆར་བོད་པའི་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་མེད་པའི་དཀའ་ངལ་མེད་ཀྱང་དེའི་ནང་བུད་མེད་རང་ཉིད་ནས་མཉམ་ཞུགས་བྱེད་རྒྱུར་ཕོ་མོ་གཉིས་ཀའི་ཐོག་ནས་འཕྱར་གྲུ་མཉམ་འདེབས་བྱེད་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།