རྒྱ་གར་ཁ་བྲལ་ཚོཌ་པས་འོས་བསྡུའི་འགྲན་བསྡུར་ནང་ཞུཌ་འཆར།

ཀཤི་མིར་ཁ་བྲལ་ཚོགས་པས་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་འདེམས་བསྐོའི་འོས་བསྡུའི་འགྲན་བསྡུར་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ།

༄༅༎ཟླ་བ་འདི་དང་ཟླ་བ་རྗེས་མའི་བར་རྒྱ་གར་རྒྱལ་ཡོངས་ནང་གྲོས་ཚོགས་འོག་མའི་འཐུས་མི་འདེམས་བསྐོའི་རྒྱལ་ཡོངས་འོས་བསྡུ་བྱེད་སྐབས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པའི་ཀཤི་མིར་ནང་གི་མི་མང་གི་ལྷན་ཚོགས་ཞེས་པའི་ཁ་བྲལ་ཚོགས་པས་ད་ལོ་ཐོག་མར་འོས་བསྡུའི་འགྲན་བསྡུར་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད། ཚོགས་པ་དེའི་འགོ་ཁྲིད་གཙོ་བོ་སཱ་ཇཏ་ལོན་ཡིས་ཁེ་ས་གསལ་བསྒྲགས་བྱས་གསལ་ལྟར་ན་ཁོང་གིས་སྣེ་འཁྲིད་པའི་ཀཤི་མིར་མི་མང་གི་ཚོགས་པས་རྒྱ་གར་རྒྱལ་ཡོངས་ནང་གྲོས་ཚོགས་ཀྱི་ཚོགས་མི་འདེམས་སྒྲུག་གི་འོས་བསྡུའི་ནང་མཉམ་ཞུགས་བྱས་ཐོག་འོས་བསྡུའི་ཐབས་ལམ་དེའི་བརྒྱུད་ཀཤི་མིར་གྱི་མི་མང་ཚོའི་བསམ་ཚུལ་དང་སྨྲ་བརྗོད་ཀྱི་རང་དབང་མཚོན་ཐབས་བྱ་རྒྱུའི་ཆོད་སེམས་བཟུང་རྒྱུར་ཐག་གཅོད་བྱས་ཡོད་པ་རེད། ང་ཚོས་རྒྱལ་ཡོངས་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་ཐག་གཅོད་བྱས་པ་ནི་ཀཤི་མིར་གྱི་མི་མང་ཚོསས་གཅེས་འཛིན་བྱས་པའི་མངོན་འདོད་རང་བཙན་གྱི་ནུས་ཤུགས་དང་ཁྱད་ཆོས་དེ་དག་རྒྱ་གར་གྱི་ཆབ་སྲིད་གླེང་བསྟེགས་ཀྱི་དཀྱིལ་དུ་འཁྱེར་ཏེ་རྒྱ་གར་གཞུང་གིས་མི་མང་གི་མངོན་འདོད་དེ་དག་ལ་སྣང་ཆུང་དང་ཞིབ་བཤེར་བྱེད་མི་ཐུབ་པ་བཟོ་ཐབས་བྱ་རྒྱུ་ཡིན་ཞེས་ཀྱང་ཁ་བྲལ་ཚོགས་པའི་འགོ་ཁྲིད་སཱ་ཇཏ་ལོན་ཡིས་གསལ་བསྒྲགས་བྱས་ཡོད་པ་རེད། གནས་ཚུལ་ཐོན་གསལ་ལྟར་ན་ཀཤི་མིར་ནང་གི་སྲིད་དོན་ཚོགས་པ་གཙོ་བོ་ཧ་རི་ཡཏ་འམ་རང་དབང་ཞེས་པའི་ཁ་བྲལ་གྱི་ལྟ་བྲུབ་འཛིན་མཁན་ཚོགས་པས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་འདེམས་རྒྱུའི་རྒྱལ་ཡོངས་འོས་བསྡུའི་ནང་མཉམ་ཞུགས་བྱེད་ཀྱི་མིན་ཞེས་གསལ་བསྒྲགས་བྱས་པའི་ཉི་མ་གཅིག་གི་རྗེས་སུ་ཁ་བྲལ་ཚོགས་པའི་འགོ་ཁྲིད་སཱ་ཇཏ་ལོན་ཡིས་འོས་བསྡུའི་ནང་མཉམ་ཞུགས་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་ནང་གྲོས་ཚོགས་འཐུས་མི་འདེམས་སྒྲུག་བྱ་རྒྱུའི་འོས་བསྡུ་དེ་བཞིན་བདུན་ཕྲག་འདིའི་གཟའ་ཕུར་བུ་ནས་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org