ནང་ཆོས་འཚོ་གནས་ཐུབ་རྒྱུར་ཉེན་ཁ།

རྒྱ་ནག་གི་མངའ་འོག་ཏུ་བོད་བརྒྱུད་ནང་བསྟན་འཚོ་གནས་ལ་འཕྲད་བཞིན་པའི་ཉེན་ཁ་ཞེས་པའི་ཐོག་གསུང་བཤད་གནང་འདུག

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༢ སྐབས། ཚོགས་ཆེན་གྱི་ཟུར་ཚོགས་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་ཁལ་མུཀ་(Kalmyk) ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་ཕྱི་ཚེས་ ༦ རེས་གཟའ་ལྷག་པའི་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༢ སྐབས། ཚོགས་ཆེན་གྱི་ཟུར་ཚོགས་ཤིག་ཏུ་རིན་པོ་ཆེ་རྣམ་གཉིས་ཆེད་ཕེབས་གནང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་འཚོ་གནས་ལ་འཕྲད་བཞིན་པའི་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
ཚོཌ་འདུ་དེའི་ཐོག་ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་འཚོ་གནས་ཐུབ་རྒྱུ་དེ་བཞིན་བོད་མི་ཁོ་ནར་ཕན་གནོད་ཀྱི་འབྲེལ་བ་ཆགས་པ་ཞིག་མིན་པར། འཛམ་གླིང་སྤྱིའི་བདེ་དོན་ལའང་ཕན་གནོད་དང་འབྲེལ་ཡོད། བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་དགོས་ཞེས་བརྗོད་སྐབས་ནང་ཆོས་ཙམ་མིན་པར་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་དང་ནང་པའི་ཚན་རིག་གི་རྣམ་གཞག་སོགས་ཀྱང་ཚུད་ཡོད། བོད་བརྒྱུད་ནང་བསྟན་ལ་འཆད་ཉན་ཡང་དག་པ་ཞིག་བྱེད་དགོས་ཚེ།    བོད་སྐད་ཁོ་ནའི་ཐོག་ནས་སློབ་གཉེར་བྱེད་ཐུབ་པ་ཞིག་ཆགས་ཡོད་ཀྱང། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་སྐོར་བཀའ་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org