སྐུ་འབུམ་དུ་མི་སྟོང་ཕྲག་མང་པོ་བཀའ་དབང་ཆེད་བཅར་འདུག
བོད་ཀྱི་མདོ་སྨད་སྐུ་འབུམ་དགོན་པར་ཉིན་གྲངས་གསུམ་རིང་སྐེ་ཀྱཱ་རིན་པོ་ཆེ་མཆོག་གིས་འཇིགས་བྱེད་ཀྱི་དབང་གནང་བཞིན་པར་ཕྱོགས་མཐའ་ཁག་ནས་མི་གྲངས་སྟོང་ཕྲག་མང་པོ་འཛོམས་ཡོད་འདུག
-
2012-09-21 -
-
-
༄༅། །དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང༌། མདོ་སྨད་སྐུ་འབུམ་དགོན་པར་སྐེ་ཀྱཱ་རིན་པོ་ཆེ་མཆོག་གིས་འཇིགས་བྱེད་ལྷ་བཅུ་གསུམ་པའི་བཀའ་དབང་གནང་བཞིན་ཡོད་པ་རེད། མཛད་རིམ་གཞིར་བཟུང་འདི་ཚེས་ ༢༡ ཉིན་སྟ་གོན་དང་། ཚེས་ ༢༢ ཉིན་དངོས་གཞིའི་དབང་། ཚེས་ ༢༣ ཉིན་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སོགས་གནང་རྒྱུ་ཡིན་པ་དང་། དབང་ཞུ་བའི་ཆེད་དུ་བོད་ཀྱི་ས་ཕྱོགས་འདྲ་མིན་དང་། རྒྱ་ནག་བཅས་ནས་དད་ལྡན་མི་གྲངས་སྟོང་ཕྲག་མང་པོ་འཛོམས་ནས་སྐུ་འབུམ་དགོན་པའི་ཉེ་འཁོར་ཀུན་ཏུ་མི་ཚོགས་ཀྱི་ཚང་ཁ་ཆེན་པོ་ཡོད་པ་དང་། དེ་བཞིན་ཁུལ་དེར་རྒྱ་ནག་གཞུང་གིས་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་དང་། གསང་བའི་མི་སྣ། མེ་གསོད་རུ་ཁག་གི་མི་སྣ་སོགས་ཆེས་མང་པོ་འགྲེམས་འཇོག་བྱས་ནས་བལྟ་རྟོགས་ནན་པོ་བྱེད་བཞིན་ཡོད་པ་རེད་འདུག
སྐུ་འབུམ་བྱམས་པ་གླིང་ནི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་ལྔའི་སར་ཡོད་པའོ་ལོ་རྒྱུས་ལྡན་པའི་དགོན་ཆེན་ཞིག་ཡིན་པ་རེད།།