གསེར་རྟ་རྫོང་ཐོག་སྐད་འབོད་རྔམ་སྟོན།

དགེ་འདུན་པ་ཞིག་གིས་བོད་གསེར་རྟ་རྫོང་ཐོག་རླུང་རྟ་གཏོར་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོཌ་ཀྱི་སྐད་འབོད་བྱས་འདུག

གནས་ཚུལ་ཡོང་ཁུངས་ལྟར་ན། ཕྱི་ཟླ་༨་ཚེས་༡་ཉིན་རྒྱ་ནག་མི་མང་བཅིངས་བཀྲོལ་དམག་གི་དུས་ཆེན་ཉིན་ཡིན་པ་དང་། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཨ་བོས་སྡེ་བ་ནས་ཡིན་པ། རྟ་ལུང་དགོན་པའི་དགེ་འདུན་པ་དགུང་གྲངས་༢༢་ལ་ཕེབས་པ་དཀོན་མཆོག་གྱིས་གསེར་རྟ་རྫོང་ཐོག་གི་མི་མང་སྤྱི་གླིང་ནས་དབུ་འཛུཌ་གནང་སྟེ་། རླུང་རྟའི་ཡིག་ཆ་གཏོར་བ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་། ༧པཎ་ཆེན་རིན་པོ་ཆེ་མཆོག་བཙོན་ནས་གློད་བཀྲོལ་གཏོང་དགོས་པ། བོད་ལ་རང་དབང་དགོས་ལྷ་རྒྱལ་ལོ་ཞེས་ངོ་རྒོལ་སྐད་འབོད་གནང་འདུག

གནས་ཚུལ་ལྟར་ཁོང་གི་ཕ་མིང་ལ་འོད་ཟེར་ལཌ་དང་ཨ་མིང་ཁུ་སྐྱིད་ཞུ་ཡི་ཡོད་འདུག  ཁོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བའི་དུས་ཚོད་རིང་པོར་མ་སོང་བར་རྒྱ་མིའི་ཉེན་རྟོག་པ་དང་། དམག་མི་མང་པོས་ཉེས་རྡུང་གཏོང་བཞིན་བཙན་གྱིས་སྣུམ་འཁོར་ནང་བླུགས་རྗེས་ཤེས་རྟོགས་མེད་པར་འགྱུར་འདུག། གཞན་གྱི་གནས་ཚུལ་ལྟར་ན། སྐབས་དེར་རླུང་རྟའི་ཡིག་ཆ་མང་པོ་གཏོར་བའི་རྒྱབ་ལ་བོད་ཀྱི་གནད་དོན་དང་འབྲེལ་ཡོད་ཀྱི་འབོད་ཚིག་འཁོད་ཡོད་པ་དང་། སྐུ་ལུས་ལ་ཆོས་དར་དཀྲིས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org