ཁ་སང་དེ་རིང་གི་ཡུལ་ཤུལ།

སྐབས་རེ་ཁང་པ་ཡར་རྒྱག་པ་དང་། སྐབས་རེ་ཁྲིམས་འགལ་གྱི་ཁང་པ་ཡིན་ཚུལ་བརྗོད་ནས་མར་བཤིགས་པ་སོགས་བྱེད་ཀྱི་འདུག

ཉེ་ཆར་སྐྱེ་རྒུ་མདོའི་ཁང་པ་བཤིག་པའི་འདྲ་པར། བོད་ནས་བཏང་འབྱོར།

༄༅།    །ཁམས་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་བྱུང་སྟེ་ཡུལ་མི་རྣམས་ལ་སྡོད་གནས་དང་ཁང་པ་གསར་བཟོ།    དཔལ་འབྱོར་གྱི་གྱོང་གུན།    རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་སྣ་ཚོགས་སོགས་ལག་ལེན་བསྟར་བའི་དཀའ་ངལ་མི་ཉུང་བ་ཞིག་དང་ཕྲད་དང་འཕྲད་མུས་ཡིན་པ་ལྟར།    དེང་སྐབས་མི་སྤྱོད་ལས་འདས་པའི་གཏོར་བཤིག རྡེག་རྡུང་།    བཙོན་འཇུག་ཁྲིམས་ཆད། མནར་གཅོད་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།    དེང་སང་སྐྱེ་རྒུ་མདོར་སྐབས་རེ་ཁང་པ་ཡར་རྒྱག་གི་ཡོད་པ་ལྟ་བུ་དང་།    སྐབས་རེ་ཁྲིམས་འགལ་གྱི་ཁང་པ་ཡིན་ཚུལ་བརྗོད་ནས་མར་བཤིགས་པ་སོགས་བྱེད་ཀྱི་ཡོད་འདུག      ཉེ་འཆར་ཁྱིམ་བདག་འགའ་ཤས་ཀྱིས་ཁང་པ་བཤིག་མི་བཅུག་པའི་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་ཁོང་རྣམ་པའི་བདེ་སྔུག་ལ་མ་ཉན་པར་མི་གྲངས་སུམ་ཅུའི་ནང་འཛིན་བཟུང་བྱས་ཡོད་པ་རེད་འདུག །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org