སྐྱེ་རྒུ་མདོར་མུ་མཐུད་དཀའ་ངལ་འཕྲད་བཞིན་པ།

སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཕོག་པའི་རྗེས། སྲིད་གཞུང་གིས་ལས་དོན་སྤེལ་ཡས་ཐོག་མ་དེ། མང་ཚོགས་ཀྱི་ཁང་པ་བཙན་དབང་ཐོག་ནས་བཤིག་ཧྲལ་བཏང་ཡོད་གསུངས་སོང།

༄༅།    །བོད་ནས་འདི་གར་ཁ་སང་ཕྱི་ཚེས་༩ཉིན་གནས་ཚུལ་ཞིག་བཏང་འབྱོར་བྱུང་བའི་ནང་།  སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཕོགས་པའི་རྗེས།  ས་གནས་ཀྱི་འཛུགས་སྐྲུན་སླར་གསོའི་ལས་གཞི་སྤེལ་བའི་ནང་།  གཞུང་གིས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཁང་པ་མང་པོ་གསར་རྒྱག་བྱས་པའི་ནང་།    ཞིང་པའི་ས་ཞིང་མང་པོ་ཚུད་ནས་དེ་ཚོའི་ས་ཁང་གི་བདག་པོ་ས་གནས་མི་མང་ཚོར་རང་ཉིད་ལ་དབང་བའི་ས་ཁང་ཕྱིར་སྤྲོད་མ་བྱས་པས་མ་ཟད། ཁོང་ཚོར་དགོས་ངེས་ཀྱི་བསློག་ཆ་ཡང་མ་སྤྲད་པར་ས་གནས་མི་མང་མང་པོ་ཞིག་ས་ཞིང་དང་སྡོད་གནས་མེད་པའི་དཀའ་ངལ་ཆེན་པོ་ཡོད་མུས་ཡིན་པའི་སྐོར་འཁོད་འདུག    
གནས་ཚུལ་ངོ་སྤྲོད་གནང་བའི་ནང་ད་དུང་།    སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཕོགས་པའི་རྗེས་སྲིད་གཞུང་གིས་ལས་དོན་སྤེལ་ཡས་ཐོག་མ་དེ།  མང་ཚོགས་ཀྱི་ཁང་པ་བཙན་དབང་ཐོག་ནས་བཤིག་ཧྲལ་བཏང་ཡོད་པ་དང་།  སྐབས་དེ་དུས་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་ཆེད་གཏོང་བྱས་ནས་ཕྱོགས་གཅིག་ནས་ས་གནས་མི་མང་ཚོར་འཇིགས སྐུལ་དང་ ཕྱོགས་གཞན་ནས་ས་ཁང་བཤིག་ཧྲལ་བཏང་པའི་བདག་པོ་ཚོར་བསློག་ཆ་རྒྱ་ནོམ་པ་སྤྲོད་རྒྱུའི་མགོ་སྐོར་བཏང་ནས་ས་ཁང་བཤིག་ཧྲལ་བཏང་ཡོད་པ་དང་། མང་ཚོགས་ཀྱི་ས་ཁང་བཤིག་ཧྲལ་བཏང་བའི་ཁུལ་དུ་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་ལམ་ཁ་དང་གྲོང་ཁྱེར་མཛེས་བཟོའི་ཆ་ཤས་ལ་བཏང་ནས་  ས་ཁང་དེ་དག་ལ་བདག་དབང་ཡོད་པའི་མི་མང་ཚོར་དགོས་ངེས་ཀྱི་བསློག་ཆ་གང་ཡང་བྱུང་མེད་པ་མ་ཟད།  ས་ཁུལ་དེའི་བརྒྱུད་དུ་ས་ཁང་མེད་པའི་མི་མང་ཚོའི་སར་ནས་དངུལ་ལེན་གྱི་ཡོད་པའི་བཤོད་ཚུལ་ཡང་ཡོད་ལུགས་སོགས་འཁོད་འདུག   དེ་མིན་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་བྱུང་རྗེས།  ས་གནས་འཛུགས་སྐྲུན་སླར་གསོར་ཁ་གཡར་ནས་རྒྱ་མི་ཚོང་གཉེར་བྱེད་མཁན་ཧ་ཅང་འཕོན་ཆེ་སླེབས་ཏེ།  ས་ཡོམ་གྱི་གནོད་འཚེ་མ་བྱུང་སྔོན་གྱི་རྒྱ་མིའི་གྲངས་འབོར་གྱི་ལྡབ་མང་པོ་ཡོད་པ་འཁོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org