ལི་བི་ཡའི་ནང་ཨ་རིའི་དཔུང་དམག་གཏོང་རྒྱུར་ཐུགས་འཚབ།
ལི་བྭི་ཡར་ཨ་རིའི་དཔུང་དམག་མ་བཏང་གོང་ཁྲིམས་བཟོ་བ་ཁག་ཅིག་གིས་སྲིད་འཛིན་གྱིས་གྲོས་ཚོགས་དང་གོ་བསྡུར་གནང་བའི་དགོས་འདུན།
-
2011-03-19 -
-
-
༄༅༎ཨ་མེ་རི་ཀའི་ཁྲིམས་བཟོ་ཁག་ཅིག་གིས་ལི་བྭི་ཡའི་ནང་རྒྱལ་ཚོགས་ཀྱིས་མེ་འཕེན་མཚམས་འཇོག་གི་གྲོས་ཆོད་ལག་བསྟར་ཆེད་ཨ་རིའི་དཔུང་དམག་མ་བཏང་གོང་སྲིད་འཛིན་གྱིས་གྲོས་ཚོགས་དང་གོ་བསྡུར་གནང་དགོས་པའི་རེ་འདུན་བཏོན་ཡོད་འདུག
རེས་གཟའ་པ་སངས་ཉིན་སྲིད་འཛིན་ཨོ་བྭ་མྭ་མཆོག་གིས་ལི་བྭི་ཡའི་ནང་ཨ་མི་ཀ་མཉམ་ཞུགས་གནང་ཕྱོགས་ཐད་རྒྱལ་ཡོངས་གསུང་འཕྲིན་གནང་བའི་རྗེས་སུ་ དམངས་གཙོ་ཚོགས་པའི་ཁྲིམས་བཟོ་བ་ཇྭོན་ལརྶོན་གྱིས་སྲིད་འཛིན་གྱིས་ཐག་གཅོད་གང་ཡང་མ་གནང་ཐོག་གྲོས་ཚོགས་ཀྱིས་འཐུས་མི་རྣམས་དང་གོ་བསྡུར་ངེས་པར་དུ་གནང་གི་རེད་ཅེས་གསུངས་གནང་འདུག སྲིད་འཛིན་གྱི་གསུང་བཤད་ནང་རྒྱལ་ཚོགས་ཀྱིས་ལི་བྭི་ཡའི་ནང་མེ་འཕེན་མཚམས་འཇོག་གི་གྲོས་ཆོད་བཞག་པ་ལྟར་ཨ་མེ་རི་ཀས་དགོས་ངེས་མཐུན་འགྱུར་གནང་རྒྱུའི་ཁས་ལེན་གནང་བ་སྦྲགས་ཨ་མི་རི་ཀས་བྱང་ཨཕ་རི་ཀའི་རྒྱལ་ཁབ་ལི་བྭི་ཡའི་ནང་ཨ་རིའི་དཔུང་དམག་དངོས་སུ་གཏོང་རྒྱུལི་ཁས་ལེན་གནང་མེད་པ་རེད། དམངས་གཙོ་ཚོགས་པའི་ཁྲིམས་བཟོ་བ་ཇེ་རོཌི་ནརྡི་ལར་ཡིས་ལི་བྭི་ཡའི་ནང་དྲག་པའི་དཔུང་དམག་གཏོང་གྲོས་ཚོགས་ནས་བཀའ་ཁྲོལ་དགོས་ལུགས་གསུངས་པ་སྦྲགས་ གལ་སྲིད་ཨ་མེ་རི་ཀ་དང་ཕྱོགས་གཏོགས་རྒྱལ་ཁབ་ཚོར་ཉེན་ཁ་ཆེན་པོ་ཡོད་ན་སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་དམག་སྤྱི་ཡིན་པའི་ཆ་ནས་ཐག་གཅོད་གནང་ཆོག་ཀྱང་གལ་སྲིད་ད་ལྟ་བུའི་ཉེན་ཁ་མེད་ནས་གྲོས་ཚོགས་ཀྱི་བཀའ་ཁྲོལ་ངེས་པར་དུ་ཞུ་དགོས་ཀྱི་རེད་ཅེས་གསུང་གནང་འདུག།