ལོན་ཌོན་མཐོ་སློབ་ནས༸གོང་ས་མཆོག་ལ་ཆེ་བསྟོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་བ།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་འཇར་མན་ཁུལ་མཛད་འཆར་ལེགས་པར་གྲུབ་ནས་ཁ་ས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། དབྱིན་ཡུལ་ཁུལ་ཉིན་གྲངས་བཅུའི་མཛད་འཆར་ཡོད་པའི་ཁོངས་སུ་ད་རིང་རེས་གཟའ་ལྷག་

པའི་ཉིན་རྒྱལ་ས་ལོན་ཌོན་གྱི་ མེ་ཊོ་པོ་ལི་ཊེན་ གཙུག་ལག་སློབ་ཁང་ནས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་ཡོད་པ་རེད། སྐབས་དེའི་མཛད་

སྒོའི་ཐོག་༸གོང་ས་མཆོག་གིས་ཡུལ་གྲུ་གང་སར་ཆིབས་བསྒྱུར་གནང་རྒྱུའི་དགོངས་གཞི་དང༌། དམིགས་ཡུལ་གཙོ་བོ་ནི་ཤེས་ཡོན་གྱི་སློབ་གཉེར་ཁང་དེ་དག་

གི་ནང་གཟིགས་བསྐོར་གནང་ནས་མིའི་རིན་ཐང་དང༌། ཆོས་ལུགས་ཕན་ཚུན་བར་མཐུན་བསྒྲིལ་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུའི་ཆེད་ཡིན་ལུགས་བཀའ་

གནང་འདུག དེ་ཡང་མི་ཚང་མས་སོ་སོའི་མི་ཚེ་འདི་བཞིན་སྐྱིད་པོ་དང༌། ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུའི་འདོན་པ་དང་རེ་བ་བྱེད་ཀྱི་ཡོད་རེད། ཡིན་ནའང་དེ་

དག་དངུལ་དངོས་ཀྱི་ཉོས་ཐུབ་ཡག་ཡོད་མ་རེད་ལ་ཤེས་ཡོན་ཡག་པོ་ཡོད་པ་ཚམ་གྱིས་གང་ཟག་དེའི་མི་ཚེ་སྐྱེད་པོ་ཞིག་ཆགས་ཐུབ་ཡག་ཀྱང་ཡོད་མ་རེད། དེ་འདྲ་ཡིན་དུས་གལ་ཆེ་ཤོས་ནི་སོ་སོའི་བརྒྱུད་ལ་བྱམས་བརྩེའི་བློ་ཞིག་ངེས་པར་སྐྱེས་ཐུབ་ཐབས་ཤེས་བྱེད་དགོས་རྒྱུ་ཡིན་པ་རེད་ཅེས་བཀའ་གནང་འདུག

གཙུག་ལག་ཁང་འདི་ནི་རྒྱལ་སའི་སློབ་གཉེར་ཁང་ཆེ་ཤོས་ཤིག་ཡིན་པ་དང༌། སློབ་གཉེར་ཁང་དེའི་ནང་ད་ལྟའི་ཆར་བོད་རིགས་སློབ་ཕྲུག་དགུ་ཡོད་པ་དེ་དག་ལ་

དམིགས་བསལ་དེང་དུས་ཀྱི་ཤེལ་ཡོན་སྦྱང་བརྩོན་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་ཐོག་སོ་སོའི་ཕ་མའི་རིག་གཞུང་བཟང་པོ་དེ་དག་ཀྱང་རྒྱུན་འཁྱོངས་ཡོང་ཐབས་བྱ་དགོས་པའི་བཀའ་སློབ་བསྩལ་གནང་ཡོད་པ་རེད༎

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org