ཧིན་རྡུའི་དུས་ཆེན་སྐབས་བོད་དོན།
མི་གྲངས་ས་ཡ་མང་པོ་འདུ་འཛོམས་སར་ཧི་མ་ལ་ཡ་བོད་དོན་ལས་འགུལ་ཚོགས་པས་བོད་དོན་དྲིལ་བསྒྲགས་ཀྱིས་ལས་འགུལ་རྒྱ་ཆེ་སྤེལ་འདུག
-
2013-03-05 -
-
-
༄༅། །རྒྱ་གར་ཨུ་ཏར་པྲ་དེཤ་ཡི་གྲོང་ཁྱེར་ཨེ་ལ་བྷཏ་ནང་ལོ་བཅིུས་ཀྱི་མཚམས་སུ་ཐེངས་རེ་ཚུགས་པའི་ཧིན་རྡུའི་སྡིག་འཁྲུས་དུས་ཆེན་མ་ཧ་ཀུམ་བྷ་མེ་ལ་ཞེས་མི་ས་ཡ་མང་པོ་འདུ་འཛོམས་བྱས་པའི་དུས་ཆེན་དེའི་སྐབས། ཧི་མ་ལ་ཡ་བོད་དོན་ལས་འགུལ་ཚོགས་པས་བོད་དོན་དྲིལ་བསྒྲགས་ཀྱིས་ལས་འགུལ་རྒྱ་ཆེ་སྤེལ་འདུག ཚོགས་པ་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྙིང་རྗེའི་སྐོར་བཀའ་སློབ་བསྩལ་གནང་མཛད་པའི་ནང་དོན་ཧིན་སྐད་སོགས་ཀྱི་ནང་བསྒྱུར་སྟེ་འགྲེམ་སྤེལ་ཤུགས་ཆེ་བྱས་འདུག་ལ། བོད་དང་རྒྱ་གར་དབར་གྱི་དུས་རབས་མང་པོའི་རིང་གི་བླ་སློབ་འབྲེལ་བའི་འཕེལ་རིམ་དང། བོད་རྒྱ་དམར་གྱིས་བཙན་བཟུང་བྱས་རྗེས་ད་ཆ་རྒྱ་གར་ནས་བོད་དུ་དར་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་གཞི་ལ་བཞག་པའི་བོད་པའི་ཐོུང་མ་ཡིན་པའི་རིག་གཞུང་ངོ་བོ་དང་བཅས་པར་གཏོར་བཤིག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པར་བརྟེན། ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་འཆི་སོན་ཇི་ཆགས་བརྗོད་མ་ཐུབ་པའི་དགག་རྩའི་དུས་ཚོད་ཞིག་ཏུ་སླེབས་ཡོད་པ་སོགས་ཀྱི་ཡིག་ཆ་འགྲེམ་སྤེལ་བྱས་འདུག།