བལ་ཡུལ་རྩ་ཁྲིམས་ཚོཌ་ཆུང་གི་ཚོཌ་གཙོའི་འོས་བསྡུ་ཕྱིར་འགྱངས།

བལ་ཡུལ་ནང་སྲིད་དོན་གྱི་ཚོགས་པ་ཆེ་ཁག་གིས་རྩ་ཁྲིམས་ཚོགས་ཆུང་གི་ཚོགས་གཙོ་འོས་བསྡུ་ཕྱི་བསྡུ་གནང་རྒྱུར་མོས་མཐུན་བྱུང་ཡོད་འདུག

༄༅༎བལ་ཡུལ་ནང་སྲིད་དོན་གྱི་ཚོགས་པ་ཆེ་ཁག་གིས་རྩ་ཁྲིམས་ཚོགས་ཆུང་གི་ཚོགས་གཙོ་འོས་བསྡུ་ཕྱི་བསྡུ་གནང་རྒྱུར་མོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་སྤེན་པའི་ཉིན་མནའ་འབྲེལ་གཞུང་འཛིན་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་བལ་ཡུལ་དམར་ཤོག་ཚོགས་པ་དང་བལ་ཡུལ་ཀོང་རེ་སི་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཏེ་བ་བལ་ཡུལ་དམར་ཤོག་ཆིག་སྒྲིལ་ཚོགས་པ་གསུམ་གྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཚོགས་ཆུང་གི་ཚོགས་གཙོ་འོས་འདེམས་ཕྱིར་འགྱངས་ཞུ་རྒྱུར་གྲོས་མཐུན་བྱུང་ཡོད་པ་ལྟར་གྲོས་ཚོགས་ཀྱི་ཚོགས་གཙོ་སུ་སྦཤེ་ནེམ་ལྦང་ལ་དེ་ལྟར་ཞུ་རྩིས་ཡོད་སྐོར་རྒྱལ་ས་ཀ་ཐ་མན་དྲུ་ནས་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ད་ལྟའི་སྐབས་སུ་རྩ་ཁྲིམས་ཚོགས་ཆུང་གི་ཚོགས་གཙོ་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་འོས་འདེམས་གནང་རྒྱུར་ཐག་གཅོད་གནང་ཡོད་འདུག འོན་ཀྱང་གོང་ཞུས་ཚོགས་པ་གསུམ་གྱིས་འོས་འདེམས་དེ་ཉུང་མཐར་བདུན་ཕྲག་གཅིག་རིང་ཕྱིར་འགྱངས་དགོས་པའི་རེ་འདུན་སྟོན་ཡོད་འདུག མའོ་དམར་ཤོག་ཚོགས་པས་རྩ་ཁྲིམས་ཚོགས་ཆུང་གི་འོས་དམིགས་སུ་ཚོགས་པའི་དབུ་ཁྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ་སྦ་སྦུ་རམ་སྦ་ཏ་རའེ་དམིགས་འཛུགས་བྱས་ཡོད་འདུག ཀོང་རེ་སི་ཚོགས་པ་ནི་ལམ་སྦར་ཨ་ཅརྱ་ལ་རྒྱབ་སྐྱོར་གནང་གི་ཡོད་འདུག རྩ་ཁྲིམས་ཚོགས་ཆུང་གི་ཚོགས་གཙོ་དང་པོ་བལ་ཡུལ་དམར་ཤོག་ཚོགས་པའི་དབུ་ཁྲིད་མ་རྡལྦ་ཀུ་མར་ནེ་པལ་ཡིན་ནའང་ཁོང་རྗེས་སུ་སྲིད་བློན་དུ་བསྐོ་བཞག་གནང་བ་ནས་བཟུང་རྩ་ཁྲིམས་ཚོགས་ཆུང་གི་ཚོགས་གཙོ་གསར་པ་འདེམས་བསྐོ་གནང་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org