མའོ་ཤོག་ཁག་གི་དབུ་ཁྲིད་ལ་ར་ཤི་ཡར་ཕེབས་རྒྱུའི་གདན་ཞུ།
བལ་ཡུལ་ནང་ར་ཤི་ཡའི་གཞུང་ཚབ་ཀྱིས་མའོ་ཤོག་ཁག་གི་དབུ་ཁྲིད་པཱ་ར་ཅན་རྡ་ལ་གཟིགས་སྐོར་ཆེད་གདན་ཞུ་གནང་ུཡོད་འདག།
-
2008-06-15 -
-
-
༄༅༎བལ་ཡུལ་ནང་ར་ཤི་ཡའི་གཞུང་ཚབ་ཀྱིས་མའོ་ཤོག་ཁག་གི་དབུ་ཁྲིད་པཱ་ར་ཅན་རྡ་ལ་གཟིགས་སྐོར་ཆེད་གདན་ཞུ་གནང་ཡོད་འདུག།
རེས་གཟའ་ཉི་མའི་ཉིན་ར་ཤི་ཡའི་གཞུབ་ཚབ་ ཊོརི་ཕོ་མོལྦ་ རྒྱལ་ས་ཀཊ་མན་གྲུའི་ནུབ་ཕྱོགས་སུ་ན་ཡ་བཱ་ཛར་ཁུལ་གྱིས་ ཁུ་ཤི་སྦུ་ས་ཁུལ་དུ་མའོ་ཤོག་ཁག་གི་དབུ་ཁྲིད་པ་ར་ཅན་རྡའི་གཟིམ་ཤག་ཏུ་ཆེད་ཕེབས་ནས་མཇལ་འཕྲད་གནང་ཡོད་འདུག་
གཞུང་ཚབ་ཀྱིས་བལ་ཡུལ་དང་ར་ཤི་ཡའི་དབར་མཛའ་འབྲེལ་གོང་མཐོར་སྤེལ་རྒྱུའི་ཆེད་དུ་བལ་ཡུལ་ནང་ཆུ་གློག་ཁང་དང་ ཨར་འདམ་ སོ་ནམ་ཞིང་ལས་ འགྲིམ་འགྲུལ་སོགས་ཀྱི་ཐོག་རོགས་སྐྱོང་རྒྱ་ཆེ་གནང་རྒྱུའི་ཁས་ལེན་གནང་བ་དང་སྦྲགས་ པཱ་ར་ཅན་རྡ་ ར་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་ཏུ་གཟིགས་སྐོར་དུ་གདན་ཞུ་གནང་འདུག ད་ཆ་བལ་ཡུལ་ནང་དམར་ཤོག་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པར་བརྟེན་ ར་ཤི་ཡའི་གཞུང་ཚབ་ཀྱིས་བལ་ཡུལ་གྱི་གཞུང་གསར་པར་རྒྱབ་བསྐྱོར་དང་མཐུན་འགྱུར་ཆ་ཚང་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག