རྒྱ་གར་ནས་བོད་བར་གོམ་བགྲོད་མུ་མཐུད་བསྐྱོད་སྐོར།
རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་བོད་མི་རྣམས་ནས་སྦེ་རི་ནག་ཅེས་པའི་ས་གནས་བར་གོམ་བགྲོད་དབུ་འཛུགས་གནང་འདུག
-
2008-06-04 -
-
-
༄༅༎རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་བོད་མི་རྣམས་ནས་སྦེ་རི་ནག་ཅེས་པའི་ས་གནས་བར་གོམ་བགྲོད་དབུ་འཛུགས་གནང་འདུག་
རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་བོད་མི་རྣམས་ད་རིང་སྔ་དྲོ་སྦན་སི་པ་ཊན་སྡོད་སྒར་ནས་ཕེབས་ཐོན་གནང་སྟེ་ སྦེ་རི་ནག་ཅེས་པའི་ས་གནས་བར་གོམ་བགྲོད་དབུ་འཛུགས་གནང་འདུག་
ཉིན་གྲངས་༡༣རིང་བོད་བར་གོམ་བགྲོད་གནང་མཁན་བོད་མི་༣༠༤ཙམ་ཡོད་པ་རྣམས་རྒྱ་གར་གྱི་མངའ་སྡེ་ཨུ་ཊར་ཀཱན་ཡི་ས་གནས་སྦན་སི་པ་ཊན་ལ་ས་གནས་ཉེན་རྟོག་མི་སྣས་བཀག་འགོག་བྱས་པའི་རྗེས་སུ་ད་རིང་སྔ་དྲོའི་ཕྱག་ཚོད་༨དང་སྐར་མ་༤༥འི་ཐོག་གོམ་བགྲོད་པ་༢༦༠ཐོམ་པས་བོད་ཕྱོགས་སུ་བསྐྱར་དུ་གོམ་བགྲོད་གནང་འགོ་བཙུགས་ནས་སྦེ་རི་ནག་བར་རྒྱང་ཐག་ཀི་ལོ་མི་ཀྲར་༡༦ ཙམ་རིང་ཕེབས་རྒྱུ་ཡིན་ཞིང་ ད་རིང་ཉིན་དགུང་བར་གོམ་བགྲོད་པ་རྣམས་སྦེ་རི་ནག་ས་གནས་ལ་འབྱོར་རྒྱུར་ཀི་ལོ་མི་ཀྲར་༧ལས་མེད་སྟབས་ ཕྱི་དྲོ་ས་གནས་དེར་འབྱོར་བའི་ཚོད་དཔག་གནང་གི་ཡོད་པ་དང་ ད་བར་གོམ་བགྲོད་གནང་མཁན་རྣམས་དང་ས་གནས་རྒྱ་གར་གྱི་ཉེན་རྟོག་པའི་དབར་གདོང་ཐུག་སོགས་གང་ཡང་བྱུང་མིན་འདུག གོང་ཞུས་གོམ་བགྲོད་ལས་འགུལ་དེ་གོ་སྒྲིག་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་ཚོགས་གཙོ་རྣམས་དང་ གོམ་བགྲོད་ལས་འགུལ་གྱི་འབྲེལ་མཐུད་པ་གཅིག་བཅས་མི་སྣ་དྲུག་ ད་དུང་ཡང་ཨུ་ཊར་ཀཱན་མངའ་སྡེ་ཧ་རི་རྡི་ཝར་ཡི་བཙོན་ཁང་ནང་ཡོད་མུས་རེད་ བོད་བར་གོམ་བགྲོད་ལས་འགུལ་དེ་ནི་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་དབུ་འཛུགས་གནང་སྟབས་ ད་བར་ཁོང་རྣམས་ཀྱིས་དཀའ་ངལ་ཁྱད་དུ་གསད་ནས་བོད་དོན་ཆེད་ཟླ་བ་གསུམ་ཙང་རིང་གོམ་བགྲོད་གནང་ཡོད་པའི་གནས་ཚུལ་འདུག༎