༧གོང་ས་མཆོག་གི་བཀའ་སློབ་ཀྱི་ཡིག་ཆ་བསྡུ་རུབ།

ཊང་གིས་མརྐ་ལགས་སུ་༧གོང་ས་མཆོག་གི་བཀའ་སློབ་ཡོངས་རྫོགས་སྒྲ་འཇུག་བྱས་ནས་ཟིན་བྲིས་ཡིག་ཆ་དང་བཅས་པ་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་འདུག འོན་ཀྱང་ཁོང་གིས་དེར་དྭང་ལེན་མ་གནང་མིན་འདུག

༄༅།    །Ottawa ཁུལ་གྱི་ཤིན་ཧྭ་གསར་ལས་ཁང་གི་འགན་འཛིན་Dacheng Zhang གིས་ཀེ་ཎེ་ཌའི་གསར་འགོད་པ་Mark Bourie ལགས་སུ། ད་ལོ་ཕྱི་ཟླ་བཞི་པའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་Ottawa ཁུལ་གསར་འགོད་ལྷན་ཚོགས་བསྐྱངས་པའི་ཐོག་གི་ བཀའ་སློབ་ཡོངས་རྫོགས་སྒྲ་འཇུག་བྱས་ནས་ཟིན་བྲིས་ཡིག་ཆ་དང་བཅས་པ་ཚང་མ་རྩིས་སྤྲོད་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།  
གསར་འགོད་པ་Mark ཡིས་འགྲེལ་བརྗོད་གནང་ཡག་ལ། ཕྱི་ཟླ་༤ཚེས་༢༧དང་༢༨གཉིས་སུ་གྲོང་ཁྱེར་Ottawaནང་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་བསྒྲོན་པའི་ཆུ་ཚོད་མང་པོའི་བརྙན་དཔར་དང་།    བཀའ་སློབ་སྒྲ་འཇུག ཡིག་ཆ་སོགས་ཚང་མ་ཤིན་ཧྭ་གསར་ལས་ཁང་གིས་ཡར་བསྡུས་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་གསར་འགྱུར་སྤེལ་རྒྱུའི་ཚབ་ཏུ་བསྡུ་རུབ་ཀྱི་ལས་ཀ་ལྟ་བུ་བྱས་པར་བརྟེན། ཁོང་ཤིན་ཧྭ་གསར་ལས་ཁང་གི་ལས་དོན་ནས་དགོངས་ཞུ་གནང་ཡོད་སྐོར་Ottawa དུས་དེབ་ནང་རྩོམ་ཡིག་ཅིག་སྤེལ་གནང་ཡོད་པ་དང༌། ཀེ་ཎེ་ཌའི་གསར་ལས་ཁང་གི་བཅར་འདྲིར་དྭང་ལེན་གནང་སྐབས་གསུངས་བཞག    འོན་ཀྱང་Ottawa ཁུལ་གྱི་ཤིན་ཧྭ་གསར་ལས་ཁང་གི་འགན་འཛིན་ ཀྲང་གིས་ མརྐ་ཡི་སྐྱོན་བརྗོད་ལ་ངོས་ལེན་བྱས་མི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org