རྒྱ་ནག་གཞུང་གིས་སྨར་ཁམས་གྲགས་པ་བསྟན་འཛིན་གློད་བཀྲོལ།
སྨར་ཁམས་གྲགས་པ་བསྟན་འཛིན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་ནས་ད་རེས་གློད་བཀྲོལ་གནང་ཡོད་འདུག
-
2009-08-07 -
-
-
༄༅༎སྨར་ཁམས་གྲགས་པ་བསྟན་འཛིན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་འོག་ནས་ད་རེས་གློད་བཀྲོལ་གནང་ཡོད་འདུག
དེ་ཡང་ཁ་སྔོན་ཕྱི་ཟླ་བདུན་པའིཔ་ཚེས་ཉི་ཤུ་གསུམ་ཉིན་གར་སོང་ཆ་མེད་དུ་གྱུར་བའི་སྨར་ཁམས་བ་གྲགས་པ་བསྟན་འཛིན་ལགས་རྒྱ་ནག་གཞུང་གིས་གསང་བའི་མི་སྣས་འཛིན་བཟུང་བྱས་ནས་ཉིན་གྲངས་བཅུ་གཉིས་རིང་བཀག་ཉར་བྱས་ཡོད་པ་དང་ད་རེས་ཕྱི་ཟླ་བརྒྱད་པའི་ཚེས་དྲུག་ཉིན་ཁོང་གློད་བཀྲོལ་བྱུང་ཡོད་པ་དང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་གྱི་རྒྱུ་མཚན་སྐོར་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན་རྒྱ་ནག་གཞུང་གིས་གསང་བའི་མི་སྣ་ཚོས་བསྟན་འཛིན་གྲགས་པ་ལགས་སུ་གསེར་སྨད་ཚོགས་ཆེན་སྤྲུལ་སྐུ་ཚ་བ་འོད་ཟེར་རིན་པོ་ཆེ་མཆོག་བོད་ལ་ཕེབས་ནས་བཀའ་ག་རེ་གནང་ཡོད་མེད་སོགས་ཀྱི་དྲི་བ་དྲིས་ནས་ཉེས་རྡུང་དྲག་པོ་བཏང་ཡོད་པའི་སྐོར་འབྲེལ་ཡོད་མི་སྣ་དེས་གསུང་བཞག གྲགས་པ་བསྟན་འཛིན་ལགས་ནི་དེ་སྔོན་རྒྱ་གར་ལ་ཕེབས་མྱོང་ཡོད་པ་དང་རྗེས་སུ་ལྷ་སར་ཚོང་རྒྱབ་ནས་བཞུགས་མུས་ཡིན་ཞིང་ཁོང་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་གསུམ་ཉིན་གར་སོང་ཆ་མེད་དུ་གྱུར་བས་ཉིན་གྲངས་ཁ་ཤས་ཀྱི་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་ཤེས་རྟོག་བྱུང་ཏེ་ད་རེས་ཁོང་འཛིན་བཟུང་དོ་དམ་ནས་གློད་བཀྲོལ་བྱུང་ཡོད་པ་རེད། གཞན་ཡང་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་ཀྱི་རྒྱལ་མཚན་ཚང་བྱམས་པ་ལགས་དང་བུ་ལྷུག་ལགས་དམུ་ཚ་ཚང་ཚེ་བརྟན་ལགས་གསུམ་འཇོ་མདར་བཀག་ཉར་བྱེད་བཞིན་པ་ནས་ཆབ་མདོར་ཁྲིད་ཏེ་བཙོན་འཇུག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་འབྲེལ་ཡོད་ནས་འདི་གར་བཏང་བའི་གནས་ཚུལ་ནང་འཁོད་འདུག