འགན་འཛིན་ནས་དགོངས་ཞུ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྕམ་སྐུ་མེ་རི་བེཏ་མར་ཀི་ལགས་འགན་འཛིན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག

ལྕམ་སྐུ་Mary Beth Markeyལགས་དེ་སྔ་བཞུགས་སྒར་དུ་ཕེབས་སྐབས་ཀྱི་འདྲ་པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

༄༅།    །དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ནས་དེ་རིང་ཕྱི་ཚེས་༣༠ཉིན་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་གནས་ཚུལ་དེ་ཕྱིར་བསྒྲགས་གནང་འདུག    གསལ་བསྒྲགས་དེའི་ནང་འགན་འཛིན་ལྷན་ཚོགས་ནས་བློ་ཕམ་དང་བཅས་Mary Beth Markeyལགས་ཀྱི་རྩ་དགོངས་ཞུ་སྙན་ངོས་བཞེས་ཐོག    ཟླ་བ་འདིའི་ཟླ་མཇུག་ནས་ལས་འཁུར་མཚམས་འཇོག་གནང་རྒྱུ་ཡིན་སྐོར་གསུངས་འདུག    གསལ་བསྒྲགས་དེའི་ནང་ད་དུང་།    འགན་འཛིན་གྱི་གནས་རིམ་ཐོག་རྒྱལ་སྤྱིའི་ཁྱོན་ཡོངས་ནས་མི་སྣ་རྩེ་ཕུད་ཅིག་འདེམས་ཐོན་མ་བྱུང་གི་བར་དུ་ད་ལྟའི་དམིགས་བསལ་ལས་འཆར་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་འགན་འཛིན་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད་སྐོར་གསུངས་འདུག
ལྕམ་སྐུ་Mary Beth Markeyལགས་ཀྱིས་འདས་པའི་ལོ་ངོ་༢༥འི་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་གནས་བཞུགས་ཀྱིས་བོད་མིའི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་ཕྱག་ལས་གནང་ཡོད་པས་མ་ཚད།    ཕྱི་ལོ་༢༠༡༠ཟླ་༧ནས་བཟུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་འགོ་བཙུགས་པ་ཞིག་ཡིན་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org