སྨན་རྩིས་སྐོར་གོ་རྟོགས་སྤེལ་བ།

སྨན་རྩིས་ཁང་གི་སྨན་དོན་རུ་ཁག་གིས་ལྷོ་ཨ་མི་རི་ཀའི་ནང་དུ་སྨན་དོན་སྐོར་བསྐྱོད་དེ་ཕྱི་ཟླ་༥ཚེས་༣ ཉིན་མཇུག་སྒྲིལ་གནང་འདུག

སྨན་རྩིས་སྐོར་གོ་རྟོགས་གོང་སྤེལ་གྱི་ལས་རིམ། བོད་མའི་སྒྲིག་འཛུགས།

༄༅།    །བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་དབུས་སྨན་རྩིས་ཁང་གི་སྨན་དོན་རུ་ཁག་གིས་ལྷོ་ཨ་མི་རི་ཀའི་ནང་དུ་སྨན་དོན་སྐོར་བསྐྱོད་གཟའ་འཁོར་གསུམ་རིང་གནང་སྟེ་ཕྱི་ཟླ་ལྔ་པའི་ཚེས་༣ ཉིན་མཇུག་སྒྲིལ་ཡོད་པའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བཞག    དེ་ཡང་ལྷོ་ཨ་ཕེ་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གོ་སྒྲིག་གནང་སྟེ། སྨན་རྩིས་ཁང་ནས་ད་རེས་སྨན་པ་གཅིག་དང་སྐར་རྩིས་པ་གཅིག་ལས་བྱེད་པ་གཅིག་བཅས་མི་སྣ་གསུམ་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་Argentinaདང། Chili, Colombiaབཅས་ཀྱི་ནང་དུ་ཕྱི་ཟླ་༤པའི་ཚེས་༡༢ ནས་ཕྱི་ཟླ་༥ པའི་ཚེས་༣ བར་སྨན་དང་རྩིས་ངོ་སྤྲོད་ཀྱི་གཏམ་བཤད་གནང་བ་མ་ཟད། ནད་པར་བརྟག་དཔྱད་ཀྱང་གནང་ཡོད་པ་རེད། །

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org