སྨན་རྩིས་ཁང་བརྙེས་ནས་ལོ་༥༢འཁོར་བ།

བོད་སྨན་ཁག་ཅིག་ཨ་རིའི་འཕྲོད་བསྟེན་ལས་ཁུངས་སུ་བཏང་ཡོད་པ་ཨ་རིའི་ཁྲིམས་ནས་ངོས་ལེན་ཡོང་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པ།

བོད་སྨན་ཁག་ཅིག་ཨ་རིའི་འཕྲོད་བསྟེན་ལས་ཁུངས་སུ་བཏང་ཡོད་པ་དེ་དག་ཨ་རིའི་ཁྲིམས་ནས་ངོས་ལེན་ཡོང་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པ། སྨན་རྩིས་ཁང༌།

༄༅༎ཕྱི་ཟླ་༣ཚེས་༢༣ པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་༥༢ འཁོར་བའི་མཛད་སྒོ་ཚོགས་པའི་ཐོག་སྐུ་མགྲོན་དུ་རྒྱ་གར་གྱི་སྲོལ་རྒྱུན་གསོ་རིག་སློབ་སྟོན་པ་ཟུར་པ་སྐུ་ཞབས་སཱརིན་ཊིར་ཤར་མ་དང༌། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཁག་ཅིག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།
སྐབས་དེར་མཛད་སྒོའི་ཐོག་སྨན་རྩིས་ཁང་ནས་པར་སྐྲུན་གནང་བའི་རྩ་ཆུ་ཊཱི་ཀ་ཕྱོགས་བསྡུས་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཞིང༌། སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ལགས་ཀྱི་གཏམ་བཤད་ནང། བར་ལམ་རྒྱ་གར་གཞུང་གིས་གསོ་བ་རིག་པ་ཞེས་ཁྲིམས་ཐོག་ནས་ངོས་ལེན་གནང་ཡོད་ནའང་བོད་སྨན་དེའི་ནང་དུ་ཚུད་མེད་པར། གསོ་བ་རིག་པ་ཞེས་ངོས་ལེན་གནང་བ་དེ་ཡིས། ལ་དྭགས་དང་འབྲས་ལྗོངས་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་གར་གྱི་མེ་སེར་ཡིན་པ་བོད་སྨན་ལག་ལེན་བྱེད་མཁན་ཚོར་ཕན་ཐོགས་ཡོད་རེད་པ་ཅེས་དང༌། ༡༩༦༡ ལོར་རྒྱ་གར་དུ་སྨན་རྩིས་ཁང་བསྐྱར་གསོ་གནང་བ་ནས་ད་བར་སྨན་པ་མང་པོ་ཐོན་ཡོད་པ་མ་ཟད། སྨན་སྣ་བརྒྱ་ལྷག་བཟོ་སྐྲུན་གནང་གི་ཡོད་པ་དང༌། ཡན་ལག་སྨན་ཁང་༥༢ ཙམ་གསར་འཛུགས་ཐུབ་པ་བྱུང་བ་དེ་དག་ནང་ལ་ཉམས་ཐག་དང་སློབ་ཕྲུག  གྲྭ་བཙུན། བོད་ནས་གསར་དུ་འབྱོར་བ་སོགས་ལ་སྨན་བྱིན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་དང༌། ད་དུང་ཡང་སྨན་ཁང་ཁག་ཅིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་ལུགས། ཨ་རིར་སྨན་ཁང་བཙུགས་རྒྱུའི་དཀའ་ངལ་ཡོད་ཀྱང་སྨན་པ་ཆེད་གཏོང་བྱས་ཏེ་ནད་པ་བརྟག་དཔྱད་དང་བོད་སྨན་སྐོར་གསུང་བཤད་གནང་རྒྱུ་སོགས་ཀྱི་འཆར་གཞི། ལྷག་དོན་བོད་སྨན་ཁག་ཅིག་ཨ་རིའི་འཕྲོད་བསྟེན་ལས་ཁུངས་སུ་བཏང་ཡོད་པ་དེ་དག་ཨ་རིའི་ཁྲིམས་ནས་ངོས་ལེན་ཡོང་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པའི་སྐོར་དང༌། དེང་སྐབས་བལ་ཡུལ་དང་ལྷ་ས། ཧོང་ཀོང༌། མེག་སི་ཀོ་སོགས་ནང་སྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བའི་རིན་ཆེན་རིལ་བུ་དང་བཟོ་ལྟ་དང་གཅིག་མཚུངས་ཡིན་པ་དེ་འདྲ་འཕོན་ཆེན་པོ་ཐོན་གྱི་ཡོད་པར་བརྟེན་ནས། སྨན་རྩིས་ཁང་གི་རིན་ཆེན་རིལ་པོ་དང་བཟོ་ལྟ་གཅིག་མཚུངས་ཀྱི་རིན་ཆེན་རིལ་པོ་རྫུས་མ་བཟོ་སྐྲུན་གྱིས་སྤྱི་ཚོགས་ཐོག་ཚོང་འགྱུར་བྱེད་ཀྱི་ཡོད་པའི་དོགས་གཞི་ཆེན་པོ་ཡོད་པར་བརྟེན་ནས་མི་དམངས་ནས་དོགས་གཟོན་བྱ་དགོས་པའི་སྐོར་གསུངས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org