དབྱིན་ཇི་དང་ཨ་རིས་ཨཕ་ག་ནི་སྟཱན་ཐོག་གྲོས་མོལ་གནང་བ།

དབྱིན་ཇི་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་ཨཕ་ག་ནི་སྟཱན་དང་ཨི་རན་གྱི་དཀའ་རྙོག་སེལ་ཕྱོགས་སྐོར་གྲོས་མོལ་གནང་ཡོད་འདུག

༄༅༎དབྱིན་ཇི་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་ཨཕ་ག་ནི་སྟཱན་དང་ཨི་རན་གྱི་དཀའ་རྙོག་སེལ་ཕྱོགས་སྐོར་གྲོས་མོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཉི་མའི་ཉིན་དབྱིན་ཡུལ་ནང་གཟིགས་སྐོར་དུ་བསྐྱོད་པའིཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཀི་ལིན་ཊེན་མཆོག་དང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཌེ་ལྦི་ཌི་མི་ལི་སྦེན་ཌི་མཆོག་རྣམ་གཉིས་མཇལ་འཕྲད་ཀྱིས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཨཕ་ག་ནི་སྟཱན་གྱི་དམག་འཁྲུག་དང་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་སྐོར་གྲོས་མོལ་གནང་བའི་རྗེས་སུ་ཟུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨི་རན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་གཞན་སྤྱི་མཚུངས་འགན་འཁུར་གྱི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་སེལ་ཕྱོགས་ཐད་བསམ་ཤེས་མ་བྱས་ཚེ་ང་ཚོས་དུས་ཚོད་ངེས་མེད་རིང་འགུག་ཐབས་མེད་ལུགས་གསུངས་གནང་འདུག དབུ་ཁྲིད་རྣམ་གཉིས་ཀྱིས་ཨཕ་ག་ནི་སྟཱན་ནང་དམག་འཁྲུག་ལ་གདོང་ལེན་གནང་ཕྱོགས་ཀྱི་འཐབ་བྱུས་དང་དེ་བཞིན་བྱང་ཨའེར་ལེན་ཌིའི་ཞི་བདེའི་ལས་དོན་ཐོག་ལའང་བཀའ་བསྡུར་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org