ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ཐེངས་དང་པོ།
སྐབས་དང་པོའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་དེ་ཁ་སང་གནང་ཞིང་། དེ་རིང་དང་སང་ཉིན་འགྲན་བསྡུར་དངོས་གཞི་གནང་གི་ཡོད་པ་རེད།
-
2012-10-12 -
-
-
༄༅། །ཕྱི་ཟླ་ ༡༠ ཚེས་༡༡ཉིན་དྷ་རམ་ས་ལར་སྐབས་དང་པོའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གྱི་ལས་དོན་འགོ་འཛུགས་བྱས་འདུག ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་གནང་མཁན་ནི། བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཡིན་ཞིང༌། ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ནང་། སྤི་ཏི་ནས་བོུ་ལོ་ ༢༣ ཅན་འཕྲིན་ལས་དབྱངས་ཅན་དང་ ཀང་ར་ནས་ལོ་ ༡༩ ཅན་ རཱ་ཆན་ཌི་མན། གཞན་འབྲས་ལྗོངས་ནས་བོུ་གསུམ་སྟེ། ལོ་ ༡༨ ཅན་ཀུན་དགའ་ཚེ་བརྟེན་དང༌། ལོ་ ༡༩ ཡིན་པ་ཨ་ནི་ནོར་བུ། ལོ་ ༢༣ ཡིན་པ་རིན་ཆེན་སྒྲོལ་མ་བཅས་ཡིན་འདུག
ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་འགྲན་བསྡུར་འདི་ཧི་མ་ལ་ཡའི་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ༢༠༡༣ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་འཆར་ལོའི་བོད་ཀྱི་ལོ་གསར་ཚེས་༣ ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་གནང་རྒྱུ་ཡིན་འདུག།