ལྦ་ཤིང་ཀྲོན་མངའ་སྡེའི་འོས་བསྡུའི་ནང་རོམ་ནིར་རྒྱལ་ཁ།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་རོམ་ནིར་ལྦ་ཤིང་མངའ་སྡེའི་སྔོན་འགྲོ་འོས་བསྡུ་ཐོབ་པ།
-
2012-03-04 -
-
-
༄༅༎ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་དམིགས་ མིཊ་རོམ་ནི་(Mitt Romney) ལ་བྱང་ནུབ་ཀྱི་མངའ་སྡེ་ལྦ་ཤིང་ཀྲོན་གྱི་སྔོན་འགྲོའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག
རེས་གཟའ་སྤེན་པའི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འོས་བསྡུ་བ་ཚོས་ཚོགས་པའི་སྲིད་འཛིན་གྱི་འོས་དམིགས་བཞིན་ཡོད་པ་ནས་མིཊ་རོམ་ནི་ལས་འོས་གྲངས་བརྒྱ་ཆ་༣༦དང་ཁ་གཏད་རིཀ་ སེན་ཏོ་རམ་ དང་རོནྤོལ་(Ron Paul) གཉིས་བརྒྱ་ཆ་༢༥རེ་གཅིག་པ་ཐོབ་ཡོད་འདུག རེས་གཟའ་མི་དམར་ཉིན་མངའ་སྡེ་བཅུའི་ནང་སྔོནའགྲོ་འོས་བསྡུ་དུས་གཅིག་ཏུ་གནང་ཡོད་པ་ལྟར་དེ་ཉིན་རྒྱལ་ཁབ་ཆེ་ཤོས་སུ་ལ་ཐོབ་ནའང་ཕལ་ཆེན་ཚོགས་པའི་སྲིད་འཛིན་འོས་དམིགས་ལ་ངེས་རྒྱུར་ཚོད་དཔག་བྱེད་བཞིན་པ་རེད། སྲིད་འཛིན་གྱི་འོས་དམིགས་ཆགས་པར་མངའ་སྡེ་ཡོངས་རྫོགས་ནང་སྔོན་འགྲོའི་འོས་བསྡུ་གྲུབ་པའི་རྗེས་སུ་འོས་དམིགས་སུ་རུང་ལ་མི་མང་གི་འཐུས་ཚབ་༡༡༡༤ཐོབ་ཀྱང་དེ་ཚོགས་པའི་སྲིད་འཛིན་གྱིས་འོས་དམིགས་ཆགས་ཀྱིད་ཡོད་རེད། རྒྱལ་ཡོངས་འོས་བསྡུ་དངོས་གཞིན་ད་ལོ་ཕྱི་ལོ་༡༡པའི་ཚེས་གསུམ་ཉིན་གནང་རྒྱུ་ཡིན་པ་རེད། སྲིད་འཛིན་ཨོ་བྭ་མྭ་མཆོག་ལ་མང་གཙོ་ཚོགས་པའི་ནང་ཁུལ་འགྲན་རྩོད་མེད་པར་བསྐྱར་དུ་སྲིད་འཛིན་གྱིས་འོས་དམིགས་སུ་ངེས་ཡོད་པ་མ་ཚད་བསྐྱར་དུ་རྒྱལ་ཁ་ཐོབ་རྒྱུར་ཚོད་དཔག་བྱེད་བཞིན་པ་རེད༎