དགོན་པ་རྒྱ་གཞུང་ལ་རྩིས་སྤྲོད་དགོས་པའི་བཙན་བཀའ།
རྒྱ་གཞུང་གིས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་གི་རྒྱལ་བ་དགོན་པའི་འཛིན་སྐྱོང་རྒྱ་ནག་གཞུང་ལ་རྩིས་སྤྲོད་དགོས་པའི་བཙན་བཀའ་བཏང་བཞིན་ཡོད་པ་རེད་འདུག
-
2012-09-14 -
-
-
༄༅། །དེ་ཡང་མཚན་འདོན་གནང་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ཚེས་༣༠ཉིན་ཆབ་མདོའི་ས་ཁུལ་གྱི་རྒྱ་ར་དགོན་དང་། སྐྱིད་ཕུག་དགོན། བསམ་གྲུབ་དགོན་དང་། སྐྱབས་ཐང་དགོན་བཅས་དགོན་སྡེ་ཁག་བཞིའི་ དགེ་འདུན་པ་༧༠ཙམ་སྐམ་ཐོག་གྲུ་ཁ་ཞེས་པའི་ས་གནས་སུ་འཛིན་བཟུང་གིས་གོ་འཇོ་རྫོང་ལ་བཙན་འཁྲིད་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་གོ་འཇོ་རྫོང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་རེད། ཡིན་ནའི་སྐབས་དེར་འཛིན་བཟུང་བྱས་པའི་མཁན་པོ་པ་སངས་ཚེ་རིང་ལགས་དང་། མཁན་པོ་བསོད་ནམས་མཁའ་འགྲོ་ལགས། མཁན་པོ་བསོད་ནམས་བཀྲིས་ལགས་གསུམ་པོ་གང་དུ་ཁྲིད་ཡོད་མེད་སྐོར་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པ་གྱུར་ཡོད་པ་རེད།
གནས་ཚུལ་ངོ་སྤྲོད་གནང་བ་པོས་གསུངས་ན། གོང་ཞུས་མཁན་པོ་གསུམ་པོ་དཔལ་ཡུལ་དགོན་ཆེན་དུ་གསེར་ཁྲིར་མངའ་སྲོལ་ཞུས་རྗེས་ཁོང་གསུམ་ད་ལྟ་གོ་འཇོ་རྒྱལ་བ་དགོན་པའི་འགན་འཁུར་གནང་མཁན་གཙོ་བོ་ཡིན་པ་གསུངས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ད་ཆ་དགོན་སྡེ་ཁག་རྒྱ་ནག་གཞུང་ལ་རྩིས་སྤྲོད་དགོས་པ་དང་། གཞུང་གིས་གྲྭ་པ་ཚོར་ཟླ་རེར་གླ་ཕོགས་སྤྲོད་རྒྱུར་ གྲངས་ཚད་བཟོ་རྒྱུའི་བཙན་དབང་གཏོང་བཞིན་ཡོད་པ་རེད་འདུག།