སོག་ཡུལ་སྲིད་འཛིན་གྱི་འོས་བསྡུ་དམངས་གཙོ་ཚོགས་པར་ཐོབ་པ།

སོག་ཡུལ་གྱི་སྲིད་འཛིན་འོས་བསྡུའི་ནང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་རྒྱལ་ཁ་ཐོབ་ཡོད་འདུག

༄༅༎སོག་ཡུལ་གྱི་སྲིད་འཛིན་འོས་བསྡུའི་ནང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་རྒྱལ་ཁ་ཐོབ་ཡོད་འདུག

རྒྱལ་ས་ཨུ་ལན་སྦ་ཏུར་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་དོན་ལ་སོག་ཡུལ་གྱི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཙཀིཡ་ཇིན་ཨིལ་སྦཀ་རྡོཇ་ཡིས་གཞུང་འཛིན་སོག་པའི་དམར་ཤོག་ཚོགས་པའི་སྲིད་འཛིན་ལས་ཐོག་པ་ནམ་སྦར་ཡིན་ཨིཁ་སྦར་ཡར་ལ་ཕམ་ཉེས་བཏང་ཡོད་འདུག

སྲིད་འཛིན་གསར་པར་མང་ཚོགས་ཀྱི་འོས་གྲངས་བརྒྱ་ཆ་ལྔ་ཅུ་ང་གསུམ་དང་གྲངས་ཆུང་བདུན་ཐོན་ཡོད་འདུག ཨིལ་སྦཀ་རྡོཇ་ནེ་ཕྱི་ལོ་༡༩༩༠ཐམ་པའི་ལོར་ལོ་བདུན་བཅུའི་རྗེས་སུ་དམར་ཤོག་གི་གཞུང་འཛིན་ཞི་རྒོལ་གསར་བརྗེའི་ལས་འགུལ་གྱི་དབུ་ཁྲིད་གྲས་ཡིན་པ་རེད། དེ་ལོ་མི་མང་གིས་འཚེ་མེད་ཞི་བའི་ལམ་ཁོ་ནའི་ཐོག་ནས་ཡུལ་མི་གཅིག་གི་ཚེ་སྲོག་ཤོར་མི་དགོས་པའི་ཐོག་ནས་གཞུང་འཕོ་འགྱུར་བཏང་བ་རེད། འོན་ཀྱང་སྔ་ལོ་ཕྱི་ཟླ་བདུན་པའི་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་རྩོད་རྙོག་བྱུང་ནས་ཡུལ་མི་ལྔ་རྐྱེན་ལམ་དུ་ཕྱིན་པ་རེད། རེས་གཟའ་ཉི་མའི་ཉིན་སྲིད་འཛིན་གསར་པ་ཨིལ་སྦཀ་རྡོཇ་མཆོག་གིས་རྒྱལ་ཁ་ཐོབ་པའི་རྗེས་སུ་མང་ཚོགས་སུ་གསུངས་བཤད་གནང་བའི་ནང་དམངས་གཙོ་ཚོགས་པ་དང་མི་མང་གི་ཁེ་ཕན་ཆེད་ད་ནས་བཟུང་དྲན་བདེན་གྱི་གཞུང་འཛིན་གནང་རྒྱུའི་ཁས་ལེན་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org