པ་ཀི་སི་ཐན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་དགོས་པའི་འབོད་སྐུལ།
ཨ་རིའི་དམིགས་བསལ་སྐུ་ཚབ་མཆོག་ནས་འཛམ་གླིང་གི་རྒྱལ་ཁབ་ཚོས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་དགོས་པའི་འབོད་སྐུལ་གནང་འདུག
-
2009-04-18 -
-
-
༄༅༎འཛམ་གླིང་གི་རྒྱལ་ཁབ་ཆེ་གྲས་ཁག་གཅིག་ནས་པ་ཀིསི་ཐན་ལ་ཨ་སྒོར་ཐེར་འབུམ་ལྔ་ཡིས་རོགས་རམ་གནང་བའི་རྗེས་སུ་ཨ་རིའི་དམིགས་བསལ་སྐུ་ཚབ་རཱི་ཆ་ཌེ་ཧོ་སྦུརུཀ་ཡིས་དྲག་པོའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྩོད་དང་དཔལ་འབྱོར་སླར་གསོ་བྱེད་མཁན་པ་ཀི་སི་ཐན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་དགོས་པའི་འབོད་སྐུལ་གནང་འདུག
ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཚོགས་ཆེན་ཞིག་གནང་བའི་ནང་ཨ་མི་རི་ཀ་དང་ཉི་ཧོང་ཡོ་རོབ་མཐུན་ཚོགས།ས་ལྦོ་དི་ཨ་རེ་སྦི་ཡ་དེ་བཞིན་ཨི་རན་བཅས་ཀྱིས་པ་ཀི་སི་ཐན་ལ་ཡོང་འགྱུར་གྱི་ལོ་གཉིས་རིང་རོགས་དངུལ་ཨ་སྒོར་ཐེར་འབུམ་ལྔ་གནང་རྒྱུའི་སྐོར་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ལ་ཞལ་བཞེས་གནང་འདུག ཡིན་ནའི་ད་དུང་ཨ་རིའི་དམིགས་བསལ་སྐུ་ཚབ་རཱི་ཆ་ཌེ་ཧོལ་སྦུ་རུཀ་མཆོག་གིས་པ་ཀི་སི་ཐན་གྱིས་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོར་གདོང་ལེན་བྱེད་དགོས་པ་མ་ཟད་ཡུལ་དེའི་ནུབ་ཁུལ་དུ་གནས་པའི་དྲག་སྤྱོད་པ་ཚོས་འཛམ་གླིང་རྒྱལ་ཡོངས་ལ་གཏོར་རྒོལ་གཏང་འཆར་ཡོད་པས་ད་རེས་གོང་ཞུས་རྒྱལ་ཁབ་ཁག་གིས་པ་ཀི་སི་ཐན་ལ་རོགས་དངུལ་ཨ་སྒོར་ཐེར་འབུམ་ལྔ་གནང་རྒྱུའི་ཞལ་བཞེས་གནང་བ་དེ་གདེང་ངེས་བཞིན་པ་མིན་སྐོར་ཁ་ས་གསར་འགོད་ལྷན་ཚོགས་ཤིག་ཐོག་གསུངས་འདུག ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ལྷོ་ཨེ་ཤེ་ཡའི་ནང་ལས་འཆར་སྤེལ་རྒྱུའི་ཐད་པ་ཀི་སི་ཐན་གལ་འགངས་ཆེ་ཤོས་སུ་རྩིས་ཀྱི་ཡོད་པའི་གནས་ཚུལ་འདུག།