མེར་བསྲེགས་རྗེས་ཀན་ལྷོ་ཕྱོགས་སུ་ཇེ་དམ།

བོད་མདོ་སྨད་ཀན་ལྷོ་ཁུལ་དུ་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པ་སྒྲོལ་དཀར་མཚོ་ལཌ་ཀྱིས་རང་ལུས་མེར་བསྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་འདས་གྲོངས་སུ་སོང་རྗེས་ཀན་ལྷོ་ཕྱོགས་སུ་དམ་དྲག་ཇེ་ཆེར་བཏང་ཡོད་འདུག

བོད་སྐྱ་རེངས་ཞེས་བས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། དོན་རྐྱེན་རྗེས་ཀན་ལྷོ་གཙོད་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྒྲོལ་དཀར་འཚོའི་སྐུ་ཕུང་དགོན་པའི་ནང་གདན་འདྲེན་ཞུས་ནས་བདག་པོ་རྒྱབ་པ་སོཌ་ལ་བརྟེན་ནས་ད་ཆ་གཙོད་དགོན་པ་དང་། འབྲེལ་ཡོད་བླ་བྲང་བཀྲིས་འཁྱིལ་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲཌ་ཤུཌ་ཆེ་བྱེད་བཞིན་ཡོད་འདུག  ད་དུང་ས་ཁུལ་དེའི་ནང་བོད་མིས་རང་ལུས་མེར་སྲེག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་བའི་དོཌ་གཞིའི་འོག་རྒྱ་མིའི་དམག་མི་དང་སྤྱི་བདེ་མི་སྣ་ཙམ་མ་ཟད་། རྒྱ་གཞུང་གི་ལས་བྱེད་ཡོངས་རྫོཌ་ཀྱི་ལས་མཚམས་བཞག་ནས་ཀན་ལྷོ་གཙོད་དགོན་པའི་ཐོག་བལྟ་སྲུང་ནན་པོ་དང་། དམ་བསྒྲཌ་ཤུཌ་ཆེ་བྱེད་བཞིན་ཡོད་པ་མ་ཟད་། བླ་བྲང་བཀྲིས་འཁྱིལ་གྱི་གཞུང་ལམ་དུ་རྒྱ་མིའི་དམག་མི་བསྡད་ནས་དམ་བསྒྲཌ་ཤུཌ་ཆེ་བྱེད་ཀྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org