སོག་ཡུལ་ནང་རྒྱལ་ཁབ་དུ་མའི་དམག་སྦྱོང་འགོ་འཛུགས་བྱས།

ཨ་མེ་རི་ཀ་གཙོས་རྒྱལ་ཁབ་བཅུ་ནས་དམག་མི་ཆིག་སྟོང་གིས་དམག་སྦྱོང་ནང་མཉམ་ཞུགས་བྱས་ཡོད་པ།

༄༅༎སོག་ཡུལ་ནང་རྒྱལ་ཁབ་དུ་མ་ལས་གྲུབ་པའི་དམག་སྦྱོང་ཞིག་འགོ་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་འགོ་འཛུགས་བྱས་པོའི་དམག་གི་ཟབ་སྦྱོང་ཐེངས་བཅུ་པ་དེར་ ཨ་མེ་རི་ཀ་དང༌།  ལྷོ་ཀོ་རི་ཡ། རྒྱ་གར།  ཁེ་ན་ཌ།  ནིའུ་ཛི་ལེནྜི།  ཨོ་སེ་ཀྲོ་ལི་ཡ།  ཉི་ཧོང༌།  ཕ་རེནས། ཨིན་ཡུལ།  འཇར་མེ་ནི་བཅས་རྒྱལ་ཁབ་བཅུ་ནས་དམག་མི་ཆིག་སྟོང་མཉམ་ཞུགས་བྱས་ཡོད་འདུག།  རྒྱལ་ས་ཨུ་ལན་སྦ་ཏུར་གྱི་ལྷོ་ནུབ་ཏུ་ཀི་ལོ་མི་ཊར་ལྔ་བཅུ་ཐམ་པའི་སར་གོ་སྒྲིག་བྱས་པའི་ཟབ་སྦྱོང་དེར་རྒྱ་ནག་དང་ར་ཤི་ཡ།  ཀ་ཛཀསྟན་བཅས་ཀྱིས་ཟུར་ཞིབ་པ་བཏང་ཡོད་འདུ། ཁྭན་ ཁོསེཊེ་(Khaan Quest) ཞེས་པའི་དམག་གི་ཟབ་སྦྱོང་ཐེངས་བཅུ་པ་འདིའི་དམིགས་ཡུལ་གཙོ་བ་ནི་ མ་འོངས་པར་རྒྱལ་ཁབ་དུ་མ་ལས་གྲུབ་བའི་ཞི་བདེ་སྲུང་སྐྱོབ་ཀྱི་ལས་དོན་གྱི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་དང༌།  སོག་ཡུལ་དང་ཨ་མེ་རི་ཀའི་དམག་དོན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དམིགས་ཡོད་སྐོར་ཟབ་སྦྱོང་གི་འགན་འཛིན་ མའི་ཁེལ་ ཋོམ་སན་(Michael Thompson) གྱིས་དགའ་བསུའི་གསུང་བཤད་གནང་འཁོད་ཡོད་འདུག། ཕྱི་ལོ་༢༠༡༢ལོའི་དྲག་པོའི་ ཟབ་སྦྱོང་གྱི་མཛད་སྒོར་ སོག་པའི་དམག་སྤྱི་ ཙཀ་ཁི་ཡ་ ཨིལྦཀ་དྷོཇེ་(Tsakhia Elbegdorj)སོགས་འབྲེལ་ཡོད་དཔོན་རིགས་དང་རྒྱ་ནག་དང་། ཨ་མེ་རི་ཀ ཉི་ཧོང་བཅས་ཀྱི་གཞུང་ཚབ་མཉམ་བཞུགས་གནང་ཡོད་འདུག། ལོ་རེའི་དྲག་པོའི་ཟབ་སྦྱོང་འདིའི་འགྲོ་གྲོན་གཏོང་མཁན་ཨ་མེ་རི་ཀ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org