བལ་ཡུལ་གྱི་སྲིད་གཞུང་གསར་འཛུགས་སྐོར་གྲོས་འཆར་བཏོན་པ།

བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་ཅིག་མཉམ་རུབ་ཀྱིས་སྲིད་གཞུང་གསར་པ་འཛུགས་དགོས་པའི་སྐོར་གྲོས་འཆར་བཏོན་ཡོད་འདུག

༄༅༎བལ་ཡུལ་གྱི་བར་བརྒལ་སྲིད་གཞུང་གསར་འཛུགས་བྱ་ཕྱོགས་ཐད་ མའོའི་དམར་ཤོག་ཚོགས་པ་ཕུད་པའི་ཚོགས་པ་ཁག་ཅིག་མཉམ་རུབ་ཀྱིས་སྲིད་གཞུང་གསར་པ་འཛུགས་དགོས་པའི་སྐོར་གྲོས་འཆར་བཏོན་ཡོད་ལུགས་ཀོང་རེསི་ཚོགས་པའི་འགོ་ཁྲིད་མི་སྣས་གསུངས་གནང་འདུག འོན་ཀྱང་མའོའི་དམར་ཤོག་ཚོགས་པ་ཚུད་པའི་སྲིད་དོན་ཚོགས་པ་ཚང་མ་མཉམ་འདུས་ཀྱི་སྲིད་གཞུང་བཙུགས་ན་ལེགས་པའི་དགོངས་ཚུལ་ཚོགས་འདུ་གྲོལ་བའི་རྗེས་སི་པི་ཨེན་ཡུ་ཨེམ་ཨེལ་གྱི་འགོ་ཁྲིད་ སྦ་རཏ་མོ་ཧན་ཨ་རྡི་ཀ་རི་ ཡིས་གསར་འགོད་པར་གསུངས་གནང་ཡོད་པ་རེད་ མའོའི་དམར་ཤོག་ཚོགས་པས་དེ་སྔོན་བཞག་པའི་གྲོས་མཐུན་གྱི་འབྲུ་དོན་ལ་བརྩི་སྲུང་བྱེད་ཀྱི་མེད་སྟབས་ ཀོང་རེསི་ཚོགས་པ་དང་མཐུན་ཕྱོགས་ཚོགས་པ་མཉམ་འདུས་ཀྱི་སྲིད་གཞུང་བཟུང་རྒྱུའི་གྲོས་འཆར་བཏོན་པར་འགྲེལ་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org