རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་དང་པོའི་རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་ཀྱི་ཚོགས་འདུར་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་པ་རེད།

༧གོང་ས་མཆོག་གིས་ལྡི་ལི་ནས་གསར་འགོད་པར་བཀའ་ལན་གནང་བཞིན་པ། ༢༠༡༧།༢།༨ OHHDL

༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་དང་པོའི་རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་ཀྱི་ཚོགས་འདུར་ཆིབས་བསྒྱུར་སྐྱོང་རྒྱུ་ཡིན་པ་རེད།
རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་ཆེན་འདི་བཞིན་ཕྱི་ཟླ་ ༢ ཚེས་ ༡༠ ནས་བཟུང་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་(Andhra Pradesh)་གྱི་གྲོང་ཁྱེར་Vijayawadaའི་ནང་ཚུགས་རྒྱུ་ཡིན་ཞིང་། རྒྱ་གར་གྱི་སྲིད་བློན་ ན་རེན་དྷརཱ་མོ་དྷི་མཆོག་ནས་ཚོགས་འདུའི་དབུ་འབྱེད་གནང་རྒྱུ་ཡིན་པ་རྒྱ་གར་གྱི་ PTIགསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་དམངས་གཙོ་སྲ་བརྟན་ཞེས་པའི་རྒྱ་གར་རྒྱལ་ཡོངས་བུད་མེད་གྲོས་ཚོགས་འཐུས་མིའི་ལྷན་ཚོཌ་ཀྱི་ཉིན་དང་པོར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆེད་ཕེབས་མཛད་རྒྱུ་ཡིན་སྐོར་Andhra Pradesh་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Kodela Sivaprasada Rao་ཡིས་གསུངས་འདུག
གོང་ཞུས་ལྷན་ཚོགས་དེའི་འཆར་སྣང་གཙོ་བོ་ནི་སྤྱི་ཚོགས་ནང་བུད་མེད་ཀྱི་འགོ་ཁྲིད་མཐོ་དམན་ཚང་མའི་སྤྱི་ཚོགས་དང་། ཆབ་སྲིད་དཔལ་འབྱོར་བཅས་ཀྱི་ནུས་ཤུགས་གོང་སྤེལ་གཏོང་ཐབས་ཀྱི་རིག་པ་དང་། ཐབས་ཇུས། གཞུང་ལུགས་བཅས་གསར་གཏོད་གནང་རྒྱུ་ཡིན་ཞིང་། ལྷན་ཚོགས་དེ་Andhra Pradesh་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་གོ་སྒྲིག་གནང་རྒྱུ་དང་། Andhra་མངའ་སྡེ་གཞུང་དང་། དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས། རྒྱལ་སྤྱིའི་གྲོས་ཚོགས་ནང་ཁུལ་ཕན་ཚུན་གྱི་མཐུན་ཚོགས་བཅས་ཀྱིས་རྒྱབ་སྐྱོར་གནང་གི་ཡོད་པ་རེད།
Andhra་མངའ་སྡེའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས། གོང་ཞུས་ལྷན་ཚོགས་དེའི་ཉིན་མཐའ་མར་Amaravati་སྤྱི་བསྒྲགས་ཞེས་པའི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཐོག་གི་གསལ་བསྒྲགས་ཤིག་སྤེལ་གནང་འཆར ཡོད་པ་གསུངས་ཏེ་ལྷན་ཚོགས་དེའི་ཐོག་ཆབ་སྲིད་དང་། སྒྱུ་རྕལ། རིག་གཞུང་། རྩེད་རིགས། ཤེས་རིག བཟོ་ལས། གློག་བརྙན། ཁྲིམས་དོན་སོགས་ཀྱི་རྒྱབ་ལྗོངས་འདྲ་མིན་དང་ཉམས་མྱོང་ཡོད་མཁན་བུད་མེད་ཀྱི་འགོ་ཁྲིད་ཚོ་ཕྱོགས་གཅིག་ལ་འདུ་འཛོམས་གནང་ནས། སྤྱི་ཚོགས་དང་དཔལ་འབྱོར་ཆབ་སྲིད་བཅས་ཀྱི་གཞི་ཡུལ་ནང་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་གཏོང་ཐབས་ཀྱི་ཤེས་བྱ་དང་། ཉམས་མྱོང་ཕན་ཚུན་སྤེལ་རེས་གནང་རྒྱུ་དང་། རྒྱ་གར་བུད་མེད་ཕུལ་བྱུང་ཁག་ཅིག་ལ་གཟེངས་རྟགས་གནང་རྒྱུ་ཡིན་སྐོར་Andhra Pradesh་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་Rao་མཆོག་གིས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org