བལ་ཡུལ་བྱང་ནུབ་རྒྱུད་དུ་ས་ཡོམ་རྒྱུགས་ནས་ཉུང་མཐར་མི་གྲངས་༡༥༧སྲོག་སྐྱོན་དང་ད་དུང་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག
བལ་ཡུལ་གྱི་བྱང་ནུབ་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་དང་གྲངས་ཆུང་དྲུག་ཅན་གྱི་ས་ཡོམ་རྒྱུགས་ནས་མི་གྲངས་༡༥༠ ་སྲོག་སྐྱོན་དང་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་སྟབས་ཀྱིས་ཐད་འཕུར་གནམ་གྲུ་དང་བདེ་འཇགས་དཔུང་དམག་གིས་འཚོལ་ཞིབ་དང་མྱུར་སྐྱོར་གྱི་ལས་དོན་ཛ་དྲག་ངང་སྤེལ་མུས་ཡིན་པའི་སྐོར།
- 2023-11-04
-
-
-
Reuters
གཟའ་པ་སངས་ཀྱི་མཚན་དཀྱིལ་དུ་བལ་ཡུལ་གྱི་བྱང་ནུབ་Jajarkot རྫོང་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་དང་གྲངས་ཆུང་དྲུག་ཅན་གྱི་ས་ཡོམ་རྒྱུགས་ནས་ཉུང་མཐར་མི་གྲངས་༡༥༠ ་སྲོག་སྐྱོན་དང་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་སྟབས་ཀྱིས་ཐད་འཕུར་གནམ་གྲུ་དང་བདེ་འཇགས་དཔུང་དམག་གིས་འཚོལ་ཞིབ་དང་མྱུར་སྐྱོར་གྱི་ལས་དོན་ཛ་དྲག་ངང་སྤེལ་མུས་ཡིན་པའི་སྐོར་གཟའ་སྤེན་ཉིན་བལ་བོའི་ཉེན་རྟོག་པའི་ཕྱོགས་ནས་བརྗོད་འདུག་།ས་ཡོམ་གྱི་རྐྱེན་གྱིས་ས་རུད་བརྒྱབ་སྟེ་གཞུང་ལམ་འགག་ཡོད་པའི་ས་གནས་ཁག་དམག་མིས་གཙང་བཟོ་བྱེད་འགོ་བཙུགས་ཡོད་འདུག་།བལ་ཡུལ་རྒྱལ་ས་ཁུལ་གནས་བཞུགས་བོད་མི་ཞིག་གིས་ཁོང་ཚོས་མཚན་མོ་གཉིད་ཁུག་ནས་ས་འགུལ་དེ་ཚོར་མ་བྱུང་ཡང་འགའ་ཤས་ཀྱིས་ས་ཡོམ་བརྒྱབ་པ་ཚོར་ཡོད་འདུག་བཅས་དེ་རིང་ཞོགས་པ་གཞི་ནས་ཧ་གོ་འདུག།རྒྱལ་ས་ཀེ་ཐི་མེ་ཏྲི་ནང་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་པ་སོགས་གང་ཡང་བཤད་ཀྱི་མི་འདུག་ཅེས་ཟེར་།
ཨ་མི་རི་ཀའི་ས་གཤིས་བརྟག་དཔྱད་ཁང་གིས་བརྗོད་ན་།་འགུལ་ཚད་རིམ་པ་༥དང་གྲངས་༦་ཅན་གྱི་ས་ཡོམ་དེ་བཞིན་མི་མང་པོ་ད་དུང་གཉིད་ལོག་པའི་སྐབས་སུ་བྱུང་ཡོད་ཚུལ་དང་ས་ཡོམ་འགུལ་ཤུགས་དེ་རྒྱང་ཐག་མེ་ལི་ ༥༠༠ ཙམ་གྱི་སར་གནས་པའི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཀྱང་ཚོར་ཐུབ་ཅིང་།ཁྱིམ་མཚེས་རྒྱ་གར་གྱིས་མྱུར་སྐྱོབ་ལས་དོན་ཐད་རམ་འདེབས་གནང་རྒྱུའི་རྣམ་འགྱུར་བསྟན་འདུག་།དེ་བཞིན་དུ་བལ་ཡུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་འཕྲལ་རྒྱ་གར་སྲིད་བློན་མོ་ཌིས་སྤྱི་ཚོགས་དྲ་ལམ་བརྒྱུད་ཤུལ་ལུས་ནང་མིར་ཐུགས་གསོའི་འཚམས་འཕྲིན་གནང་བའི་ནང་མིའི་ཚེ་སྲོག་ཤོར་བ་དང་གཏོར་སྐྱོན་ཐེབས་པར་སེམས་སྡུག་བསྔལ་གྱིས་མནར་ཞིང་།རྒྱ་གར་ཕྱོགས་ནས་བལ་བོའི་མི་མང་དང་གདོང་སེམས་མཉམ་བསྐྱེད་ཀྱིས་གང་ཅིར་རོགས་རམ་འདེགས་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་འདུག ས་འགུལ་བྱུང་སའི་ས་གནས་དེར་བལ་ཡུལ་སྲིད་བློན་ཕི་བཅར་ཏ་མྱུལ་སྐྱོབ་ལས་དོན་དང་རྟོགས་ཞིབ་ཆེད་ཕེབས་ཡོད་པ་དང་ས་འགུལ་ཐེབས་ས་གྲོང་གསེབ་ཁག་འགའ་ཤས་ཡོད་པའི་ཚོད་དཔག་ལྟར་ན་ཁང་པ་བརྒྱ་ཆ་༩༠ཙམ་རྡིབ་སྐྱོན་དང་ད་དུང་མི་ཤི་སྐྱོན་གྲངས་ཀ་འཕར་སྲིད་སྐོར་བརྗོད་འདུག། དེ་སྔ་སྤྱི་ལོ་༢༠༡༥ལོར་བལ་ཡུལ་དུ་ས་ཡོམ་ཤུགས་ཚད་བརྒྱད་ཅན་ཞིག་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེན་བྱུང་ཡོད་པ་རེད།
གསར་འགོད་པ། བོད་རྒྱལ་དང་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།