གྱེན་ལོག་པས་མཉམ་འབྲེལ་རྒྱལ་ཚོགས་མུ་མཐུད་བཞུགས་རེ།

བལ་ཡུལ་གྱི་དམར་ཤོག་མའོ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་རམ་ཚོགས་པ་བལ་ཡུལ་ནང་མུ་མཐུད་བཞུགས་རྒྱུའི་དགོས་འདུན།

༄༅༎བལ་ཡུལ་གྱི་དམར་ཤོག་མའོ་ཚོགས་པས་བལ་ཡུལ་ནང་ཞི་བའི་ལས་དོན་འཐུས་གུ་ཚང་པོ་ཡོང་རྒྱུར་དམིགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་རོགས་རམ་ཚོགས་པ་བལ་ཡུལ་ནང་མུ་མཐུད་བཞུགས་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་ནང་འཁྲུག་མཇུག་བསྒྲིལ་ཏེ་ཞི་བདེ་བརྟན་ལྷིང་ཡོང་ཐབས་སུ་རོགས་རམ་བྱེད་མཁན་གྱི་ལས་དོན་གཞུང་ལས་ཁང་ཞིག་ཕྱི་ལོ་༢༠༠༧ལོར་བཙུགས་གནང་ཡོད་པ་དང་། སྤྱིར་བཏང་ལས་ཁང་དེའི་དུས་བཀག་ལོ་གཅིག་གི་ཚད་གཞི་ཡིན་ཡང་ད་བར་དུས་འགྱངས་ཐེངས་མང་བྱས་ཡོད་པ་དང་། ཟླ་བ་འདིའི་ཚེས་༡༥ཉིན་གཞུང་ལས་ཁང་དེས་བལ་ཡུལ་ནང་ཞི་བའི་ལས་དོན་རོགས་རམ་གནང་རྒྱུའི་དུས་བཀག་དངོས་སུ་མཇུག་སྒྲིལ་གྱི་ཡོད་ཅིང་། བལ་ཡུལ་གྱི་མའོ་ཤོག་ཁག་གིས་ད་རེས་གཟའ་ལྷག་པའི་ཉིན་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བའི་རོགས་རམ་ལས་དོན་སྤེལ་གནང་མཁན་གྱི་ལས་ཁང་དེ་མུ་མཐུད་ནས་བལ་ཡུལ་ནང་གནས་རྒྱུའི་དགོས་འདུན་ཡི་གེ་ཕུལ་ཡོད་པའི་སྐོར་མའོ་ཕྱོག་ཁག་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་ཡོད་པ་དང་འབྲེལ་ བལ་ཡུལ་ནང་ཞི་བའི་ལས་དོན་ད་དུང་ཡང་མཇུག་སྐྱོངས་བྱུང་མེད་པར་བརྟེན་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་རམ་དང་ལྟ་ཞིབ་མུ་མཐུད་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་ལུགས་གསུངས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org