བལ་ཡུལ་གྱི་བློན་ཆེན་ཟུར་པ་ཞིག་ལྐོག་ཟའི་ནག་ཉེས་བཙོན་འཇུག
བལ་ཡུལ་ནང་བློན་ཆེན་ཟུར་པ་ཞིག་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
-
2011-03-19 -
-
-
༄༅༎བལ་ཡུལ་ནང་བློན་ཆེན་ཟུར་པ་ཞིག་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཕ་རན་སེའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། བལ་ཡུལ་གྱིས་ཆེས་མཐོའི་ཁྲིམས་ཁང་གིས་ཀོངྒེ་རེ་སེ་ཚོགས་པའི་དབུ་ཁྲིད་དང་ལྷན་ཁང་མང་པོའི་བློན་ཆེན་གནང་མྱོང་ཡོད་པ་དང་ ཅི་རནྗི་བྭི་ལྦ་གྭལ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ལོ་གཅིག་དང་ཕྱེད་ཀ་བཙོན་འཇུག་དང་ཨ་སྒོར་ལྔ་འབུམ་ལྔ་ཁྲི་ཐམ་པའི་ཆད་པ་བཏང་ཡོད་འདུག། དགུང་ལོ་༥༨ལ་ཕེབས་པ་ཅི་རནྗི་བྭི་ལྦ་གྭལ་ཕྱི་ལོ་༡༩༩༠ནས་༢༠༠༢བར་བལ་ཡུལ་གྱི་དྲིལ་བསྒྲགས་དང་ འཆར་འགོད་ ནང་སྲིད་སོགས་ལྷན་ཁང་མང་པོའི་བློན་ཆེན་གནང་ཡོད་འདུག། བལ་ཡུལ་ནང་ད་བར་བར་བློན་ཆེན་ཞིག་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་པ་ཐོག་མ་དེ་ཡིན་པ་དང་ ཆེས་མཐོའི་ཁྲིམས་ཁང་གི་མགྲིན་ཚབ་པ་ཧེ་མནྟེ་ར་ལྦལ་གྱིས་གསུངས་པར་གཞིགས་ན་ཁྲིམས་ཐག་གང་བཅད་པ་འཁྲལ་དུ་ལག་ལེན་བསྟར་རྒྱུ་ཡིན་ལུགས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག དོ་བདག་གིས་དེ་སྔ་ཕྱི་ལོ་༢༠༠༤ལོར་ཁྲིམས་ཐོག་འགྱོད་གཞི་ཞུ་གཏུགས་བྱས་པ་དེ་ཡང་ཆེས་མཐོའི་ཁྲིམས་ཁང་གིང་ངོས་ལེན་གནང་མི་འདུག། ཁོང་གིས་ཁྲིམས་འགལ་ཐོག་་ས་ཁང་མང་པོ་སྒེར་འཛིན་གྱིས་རང་གི་་བུ་དང་མནའ་མ་སོགས་ལ་མཁོ་སྤྲོད་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག།