བལ་ཡུལ་གྱི་སྲིད་བློན་རྒྱ་གར་དུ་འཚམས་འདྲིར་ཕེབས་འབྱོར།
བལ་ཡུལ་གྱི་སྲིད་བློན་གསར་པ་པུཤ་པ་ཀ་མལ་རྡ་ཧལ་མཆོག་རེས་གཟའ་ཉི་མའི་ཉིན་རྒྱ་གར་ནང་འཚམས་འདྲིའི་གཟིགས་སྐོར་ཐོག་མར་ཕེབས་འདུག
-
2008-09-14 -
-
-
༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་ པུཤ་པ་ཀ་མལ་ རྡ་ཧལ་ མཆོག་རེས་གཟའ་ཉི་མའི་ཉིན་རྒྱབ་རྒྱ་གར་ནང་འཚམས་འདྲིའི་གཟིགས་སྐོར་ཐོག་མར་ཕེབས་ཡོད་པ་དང༌ གཞི་རྩའི་གཟིགས་སྐོར་གྱི་དམིགས་ཡུལ་གཙོ་བོ་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གྱི་མཛའ་འབྲེལ་མཇུག་སྐྱོང་གནང་རྒྱུ་ཡིན་པ་ཐེ་ཚོམ་མེད་ཀྱང་ཕྱི་ཟླ་བརྒྱད་པའི་ནང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་སྦི་ཧའར་ནང་བལ་ཡུལ་ནས་རྒྱ་གར་ནང་རྒྱུགས་བཞིན་པའི་ཀོ་སི་གཙང་ཆུ་ཧ་ཅང་རྒྱས་ཏེ་ཡུལ་མི་ས་ཡ་གཅིག་ལྷག་ཙམ་ལ་གོང་ཆུ་ལོག་གི་རྐྱེན་པས་དཀའ་ངལ་འཕྲད་པའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག བལ་ཡུལ་ལ་རྒྱ་གར་ནས་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ཤུགས་རྐྱེན་ཆེན་པོ་ཡོད་ཀྱང་ སྲིད་བློན་པུཤ་པ་ཀ་མལ་རྡ་ཧལ་མཆོག་རྒྱ་གར་གྱི་སྡོན་ལ་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་པ་དེར་རྒྱ་གར་གཞུང་གིས་བློ་འཚབ་གནང་ཡོད་པ་ཡང་གསལ་པོ་རེད་ བལ་ཡུལ་གྱི་གཞུང་འཛིན་མའོ་དམར་ཤོག་ཚོགས་པའི་དབུ་ཁྲིད་ པར་ཅན་རྡ་ དང་སྲིད་བློན་པུཤ་པ་ཀ་མལ་གཉིས་པེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་མཇུག་སྡོམ་གྱི་མཛད་སྒོར་ཕེབས་པ་རེད༎