བལ་ཡུལ་སྲིད་བློན་གསར་པའི་དམ་འབུལ།
བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་ཡུལ་གྱི་སྲིད་བློན་གྱི་དམ་འབུལ་གནང་འདུག
-
2009-05-25 -
-
-
༄༅༎བལ་ཡུལ་གྱི་དམར་ཤོག་སི་པི་ཨེན་ཡུ་ཨེམ་ཨེལ་ཚོགས་པའི་འགོ་ཁྲིད་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་ཡུལ་གྱི་སྲིད་བློན་གྱི་དམ་འབུལ་དེ་སྲིད་འཛིན་རཱམ་སྦ་རན་ཡ་རྡལྦ་མཆོག་གི་མདུན་རེས་གཟའ་ཟླ་བའི་ཉིན་གནང་ཡོད་པ་རེད།
སྲིད་བློན་དམ་འབུལ་གྱི་མཛད་སྒོར་ཕེབས་པའི་གཞུང་གི་དཔོན་རིགས་དང་ཕྱི་རྒྱལ་ཡུལ་ཁག་གི་ཕྱི་འབྲེལ་དཔོན་རིགས་རྣམས་པའི་མདུན་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་ངོས་རང་གི་ལས་འགན་དེ་བལ་ཡུལ་གྱི་རྩ་ཁྲིམས་གཞི་བཟུང་ཞེ་སྣང་དང་འཐེན་འཁྱེར་ངན་སེམས་མ་བཅང་བའི་ཐོག་ནས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཡང་སྲིད་བློན་གསར་པ་མཆོག་གིས་གསར་འགོད་པ་རྣམས་པར་བལ་ཡུལ་གྱི་གཞུང་གསར་པ་དེར་ཡུལ་གྱི་དལྟའི་ཞི་བདེའི་འཕེལ་རིམ་དེ་མཇུག་བསྒྲིལ་ཡག་པོ་ཞིག་ཡོང་རྒྱུའི་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགན་འཁུར་ཡོད་པ་རེད་ཅེས་དང་ཡུལ་གྱི་རྩ་ཁྲིམས་གསར་པ་དུས་ཐོག་ཟིན་བྲིས་གནང་ཐུབ་རྒྱུའི་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས་ངོས་རང་དལྟའི་ཡུལ་གྱི་སྲིད་དོན་གྱི་བར་སྟོང་དེ་དགང་རྒྱུའི་ཆེད་སྲིད་བློན་བྱས་པ་ཡིན་མའོ་ཚོགས་པ་གཞུང་ནང་ཞུགས་རྒྱུའི་ཐོག་འབད་བརྩོན་གང་ཡོང་བྱེད་ཀྱི་ཡིན་ཞེས་གསུངས་འདུག མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་ལ་ཡུལ་གྱི་སྲིད་བློན་ཚོགས་པ་ཉི་ཤུ་རྩ་གཉིས་ཀྱི་མནའ་འབྲེལ་དེའི་གྲོས་ཚོགས་ཀྱི་འཐུས་མི་༣༥༠ཡི་རྒྱབ་སྐྱོར་ཐོག་སྲིད་བློན་དུ་འདེམས་ཐོན་བྱུང་པ་ཞིག་ཡིན་པ་རེད། ཁོང་ལ་མནའ་འབྲེལ་གཞུང་དེ་དུས་ཡུན་གང་མཚམས་ཤིག་གནས་ཐུབ་མིན་གྱི་གནད་དོན་དང་ཉིས་སྟོང་བཅུའི་ཕྱི་ཟླ་ལྔ་པའི་ཚུན་ཡུལ་གྱི་རྩ་ཁྲིམས་གསར་པ་དེ་བཟོ་ཐུབ་པ་གནང་རྒྱུའི་ཐོག་དཀའ་རྙོག་འཕྲད་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱི་དགོངས་ཚུལ་གསུངས་མཁན་ཡོད་པ་རེད༎