རྒྱལ་ཚོགས་ཀྱིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་དཀའ་སྡུག་ཐད་དོ་སྣང་གནང་དགོས་བའི་འབོད་སྐུལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་དཀའ་སྡུག་ཐད་དོ་སྣང་དང་གླེང་སློང་དགོས་བའི་འབོད་སྐུལ་ཞུས་འདུག
-
2020-06-17 -
-
-
Your browser doesn’t support HTML5 audio
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་དཀའ་སྡུག་ཐད་དོ་སྣང་དང་གླེང་སློང་དགོས་བའི་འབོད་སྐུལ་ཞུས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། ཕྱི་ལོ་༢༠༢༡་གི་ལོ་འགོར་བསྐྱར་ཞིབ་གནང་རྒྱུའི་དུས་ཚོད་མ་རན་པའི་གོང་། འདི་ཚེས་༡༦་ཉིན། (FIDH International Federation for Human Rights) and the International་འམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་དང་། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གི་ཐོག་ནས། མཉམ་འབྲེལ་རྒྱལ་ཚོགས་ལ་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་ཚོའི་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཀྱི་གནད་དོན་དང་འབྲེལ་བའི་དོན་ཚན་གསུམ་འཁོད་པའི་འབོད་སྐུལ་ཞུ་སྙན་ཞིག་ཕུལ་ཡོད་འདུག
གོང་ཞུས་ཞུ་སྙན་དེའི་ནང་། བལ་ཡུལ་ནང་གནས་སྡོད་བོད་མི་ཁྲི་གཉིས་ལྷག་ཙམ་ཡོད་པ་དེ་དག་ལ་ཡུལ་ཁྲིམས་ནང་གསལ་བའི་ཤེས་ཡོན་དང་། ལས་ཀ། ས་ཁང་ཉོ་ཚོང་བྱེད་རྒྱུའི་ཐོབ་ཐང་མེད་པ་དང་། ཉེན་ཁ་ཡོད་མིན་ལ་མ་བལྟོས་བར་བོད་ནས་བྲོས་བྱོལ་ཡོང་མཁན་བོད་མི་ཚོ་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་མེད་པར་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་བཞིན་པ། མི་མང་འདུ་འཛོམས་དང་གཏམ་བཤད་ཀྱི་རང་དབང་མེད་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་ལུགས་གསུངས་པ་དང་། ལྷག་པར་དུ་རྒྱ་ནག་མཉམ་བལ་ཡུལ་གཞུང་གི་འབྲེལ་བའི་ཁ་ཕྱོགས་ལོ་ཤས་ནང་བཟང་དུ་འགྲོ་བཞིན་པའི་གནས་སྟངས་འོག ཡུལ་གཉིས་བར་གྱི་གྲོས་མཐུན་གཞིར་བཟུང་བོད་མི་ཚོའི་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པ་སོགས་གང་ལྟར་བལ་ཡུལ་གཞུང་ནས་བོད་མི་ཚོའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་དམ་དྲག་དང་དྲག་གནོན་བྱེད་བཞིན་པ་དེའི་ཐོག་ཐུགས་སྣང་དང་། བོད་ནས་བྲོས་བྱོལ་ཡོང་མཁན་བོད་མི་ཚོ་གང་བྱུང་ཕྱིར་སློག་བྱས་ན་དེས་ཁོང་ཚོའི་ཚེ་སྲོག་ཚུན་ཆད་ལའང་ཉེན་ཁ་ཆགས་ཀྱི་ཡོད་དུས། དེར་གཞིགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་བལ་ཡུལ་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པ་དང་། ཡུལ་དེའི་ནང་གི་བཙན་བྱོལ་བོད་མི་ཚོའི་ཐོག་དམ་དྲག་མི་བྱེད་རྒྱུའི་གནོན་ཤུགས་སྤྲོད་དགོས་པ་དང་གླེང་སློང་དགོས་བའི་འབོད་སྐུལ་ཞུས་འདུག