བལ་ཡུལ་སྲིད་འཛིན་གཞོན་པས་དམ་བཅའ་འབུལ་མེད་པ།

བལ་པོའི་སྲིད་འཛིན་གཞོན་པས་དམ་བཅའ་བཞེས་རྒྱུའི་དུས་བཀག་ཐོག་དམ་བཅའ་མ་བཞེས་པའི་མཛད་སྒོ་ཕྱིར་འཐེན་བྱེད་དགོས་བྱུང་འདུག

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུ་ནས་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་བལ་ཡུལ་གྱི་ཁྲིམས་ཁང་གིས་བལ་པོའི་སྲིད་འཛིན་གཞོན་པར་གཟའ་ཉི་མའི་ནང་ཚུད་ལ་བལ་པོའི་སྐད་ཡིག་ཐོག་ནས་སྲིད་འཛིན་གཞོན་པའི་མཛད་འཁུར་གྱི་དམ་བཅའ་བཞེས་དགོས་པའི་དུས་བཀག་བཟོས་ཏེ་དམ་བཅའ་བཞེས་པའི་མཛད་སྒོ་དེ་དེ་རིང་ཕྱི་དྲོའི་ཚོུད་བཞི་པའི་ཐོག་གྲ་སྒྲིག་ཞུས་ཡོད་ཀྱང་ཁོང་གིས་དང་ལེན་ཞུས་མེད་པ་རེད།

བལ་ཡུལ་གྱི་སྲིད་འཛིན་གཞོན་པ་པཱ་ར་མ་ནན་རྡ་ཇ་ཡིས་ན་ནིང་ཧིན་རྡིའི་སྐད་ཡིག་ཐོག་དམ་བཅའ་བཞེས་པར་བརྟེན་ནས་མི་དམངས་ཚོས་རྒྱ་ལམ་ཐོག་ངོ་རྒོལ་བྱས་པ་དང་ཁོང་ཚོར་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་པ་མ་ཟད་མི་དམངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཁྲིམས་ལུགས་པ་ཞིག་གིས་ཁྲིམས་ཁང་དུ་སྲིད་འཛིན་གཞོན་པས་བལ་པོའི་སྐད་ཡིག་ཐོག་དམ་བཅའ་མ་བཞེས་པ་དེ་ནི་བལ་པོའི་ཁྲིམས་ལུགས་དང་འགལ་འཛོན་བྱས་པའི་ཁྲིམས་གཏུགས་བྱས་ཡོད་པ་རེད།

དེར་བརྟེན་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛོན་གཞོན་པར་བལ་པོའི་སྐད་ཡིག་ཐོག་ནས་བསྐྱར་དུ་དམ་བཅའ་བཞེས་དགོས་པའི་བཀའ་ཁྱབ་བཏང་བ་མ་ཟད་དེ་ཡང་རེས་གཟའ་ཉི་མ་བར་གྱི་དུས་བཀག་སྤྲོད་དེ་གལ་ཏེ་དམ་བཅའ་བཞེས་རྒྱུ་ཡིན་ནའང་དམ་བཅའ་མ་བཞེས་པ་ཡིན་ཚེ་སྲིད་འཛིན་གཞོན་པའི་མཛད་འཁུར་བཞེས་ཆོག་རྒྱུ་མིན་པའི་བཀའ་ཁྱབ་ནན་པོ་གནང་ཡོད་ཀྱང་སྲིད་འཛིན་གཞོན་པ་པ་ར་མ་ནན་རྡ་ཇ་ཡིས་དེ་རིང་ཚོུད་དང་པོའི་ཐོག་གསར་འགོད་ལྷན་ཚོགས་ཤིག་འདུ་སྐོང་གནང་སྟེ་གནད་དོན་དེའི་ཐོག་ལ་འཛིན་པའི་ཁོང་གི་དགོངས་གཞི་ངོ་སྤྲོད་གནང་ཡོད་ཅིང་དེ་ཡང་ཁོང་གིས་གསུངས་པར་སྲིད་འཛིན་གཞོན་པའི་དམ་བཅའ་བསྐྱར་དུ་ལེན་དགོས་པའི་གཞི་རྩ་རྩ་བ་ནས་མེད་པ་དང་ཁྲིམས་ཁང་གི་བཀའ་ཁྱབ་དེ་ནི་རྩ་ཁྲིམས་དང་མི་མཐུན་པ་ཞིག་དང་བལ་ཡུལ་མི་དམངས་ཚོར་བལ་པོའི་སྐད་ཡིག་འདེམས་སུ་བཅུག་སྟེ་མི་དམངས་ཀྱི་ཐོབ་ཐང་དང་འགལ་འཛོལ་བྱས་པ་རེད་ཅེས་དང་ན་ནིང་ཁོང་གིས་མཛད་འཁུར་བཞེས་པའི་དམ་བཅའ་ཧིན་རྡིའི་སྐད་ཡིག་ཐོག་ནས་བཞེས་རྒྱུར་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་གཙོས་པའི་བལ་ཡུལ་གྱི་ཆེས་མཐོའི་དཔོན་རིགས་ཀྱིས་མོས་མཐུན་གནང་བ་ལྟར་ཁོང་གིས་ངོས་ནས་ཧིན་རྡིའི་ཐོག་ནས་བཞེས་རྒྱུའི་ངོས་ལེན་བྱས་པ་ཡིན་ཞེས་དང་གལ་ཏེ་བལ་ཡུལ་གྲོས་ཚོགས་ཀྱི་ཐོག་དམ་བཅའ་བཞེས་པའི་སྐབས་སྐད་ཡིག་གང་གི་ཐགོ་བྱ་དགོསམིན་གྱི་གྲོས་གཞི་ཐག་གཅོད་བྱུང་བའི་རྗེས་ཁོང་གིས་བསྐྱར་དུ་བསམ་ཞིབ་གནང་ཆོག་གི་རེད་ཅེས་གསུངས་དེ་རིང་ཆུ་ཚོད་བཞི་པའི་ཐོག་དམ་བཅའ་བཞེས་རྒྱུའི་དུས་བཀག་ཐོག་དམ་བཅའ་མ་བཞེས་པའི་མཛད་སྒོ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org