བལ་ཡུལ་གྲོས་ཚོཊ་ནས་རྩ་ཁྲིམས་ལ་བསྒྱུར་བ་བཏང་ཡོད་པ།

བལ་ཡུལ་གྲོས་ཚོཊ་ནས་རྩ་ཁྲིམས་ལ་བསྒྱུར་བ་བཏང་སྟེ་སྲིད་བློན་གཞོན་པའི་དམ་འབུལ་ཧིན་རྡི་ནང་དུའང་གནང་ཆོག་པའི་གསལ་བསྒྲཊ་བྱས་པ།

༄༅༎སྔ་ལོ་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱི་རྩོད་རྙོག་ཐོག་ནས་གནས་དབྱུངས་བཏང་བའི་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་པ་ར་མན་ཨ་ནན་རྡ་ཇྰ་ཡི་ལས་གནས་བསྐྱར་གསོ་བྱ་རྒྱུ་ཡིན་འདུག

དེ་ཡང་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་པ་ར་མན་ཨ་ནན་རྡ་ཇྰ་ཡིས་སྔ་ལོ་སྲིད་འཛིན་གཞོན་པའི་དམ་བཅའ་འབུལ་བཞེས་སྐབས་བལ་པོའི་སྐད་ནང་མ་གནང་བར་ཧིན་དྷིའི་སྐད་ནང་གནང་བ་དེ་ནི།ཡུལ་གྱི་རྩ་ཁྲིམས་དང་འགལ་འཛོལ་ཕྱིན་པ་ཞིག་ཡིན་པའི་སྐོར་གསུངས་ཏེ།བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་ནས་ཁོང་ལས་གནས་ནས་གནས་དབྱུངས་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང༌།ད་ཆ་བལ་ཡུལ་གྲོས་ཚོགས་ནས་རྩ་ཁྲིམས་ལ་བསྒྱུར་བ་བཏང་སྟེ།སྲིད་འཛིན་གཞོན་པའི་དམ་བཅའ་དེ་ཧིན་དྷིའི་སྐད་ནང་དུའང་འབུལ་བཞེས་གནང་ཆོག་པའི་རྩ་ཁྲིམས་གསར་པ་བཟོས་ཡོད་སྟབས།སྲིད་འཛིན་གཞོན་པ་པ་ར་མན་ཨ་ནན་རྡ་ཇྰ་ལས་གནས་བསྐྱར་གསོ་བྱ་ཆོག་པའི་སྐོར།ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སུ་ལྦཤ་ནེམ་བང་གིས་འདི་ཚེས་ཉི་ཤུ་རྩ་དགུའི་ཉིན་གསལ་བསྒྲགས་གནང་འདུག

གནས་ཚུལ་ནང་འགྲེལ་བརྗོད་བྱས་པར་གཞིགས་ན།ད་ལམ་གྱི་རྩ་ཁྲིམས་བསྐྱར་བཅོས་དེ་མ་བྱས་གོང་དུ།བལ་ཡུལ་གྱི་སྲིད་འཛིན་བགྲེས་གཞོན་དང༌།སྲིད་བློན་བཅས་པས་ལས་འཁུར་དམ་བཅའ་བལ་པོའི་སྐད་གཅིག་པོའི་ནང་མ་གཏོགས་བླངས་ཆོག་གི་མེད་ཀྱང༌།ད་ཆ་ཁྲིམས་ལ་འགྱུར་བ་བཏང་སྟེ།དམ་འབུལ་དེ་ཧིན་དྷིའི་སྐད་ནང་དུའང་འབུལ་བཞེས་ཆོག་པ་བཟོས་ཡོད་པ་ནི།སྲིད་འཛིན་གཞོན་པ་པ་ར་མན་ཨ་ནན་རྡ་ཇྰ་ཡིས་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད་ཅིང༌།གང་ཡིན་ཟེར་ན་ཁོང་ནས་དེ་སྔ་ལས་འཁུར་དམ་བཅའ་ཧིན་དྷིའི་སྐད་ཐོག་བླངས་བ་ནི།ཧིན་དྷིའི་སྐད་བེད་སྤྱོད་གཏོང་མཁན་བལ་ཡུལ་ལྷོ་ཕྱོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་ཐང་རྩོད་ལེན་གནང་བ་ཡིན་སྐོར་གསུངས་གི་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org