བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་རྒྱ་རིགས་འབྲེལ་མཐུད་པ་གསར་པ་བསྐོ་བཞག

ཚུལ་ཁྲིམས་རྒྱ་མཚོ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་གསར་པར་བསྐོ་བཞག་གནང་འདུག

ཚུལ་ཁྲིམས་རྒྱ་མཚོ་ལགས། T gyatso/FB

ཚུལ་ཁྲིམས་རྒྱ་མཚོ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་གསར་པར་བསྐོ་བཞག་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅོ་ལྔ་པས་ཨ་རིར་གནས་ཞུགས་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་འདི་ལོ་ཕྱི་ཟླ་༡༠ ཚེས་༨ ནས་ལོ་གཅིག་རིང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ ནང་ཚན་ ༤ དགོངས་དོན་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ལས་གནས་རིམ་ཚད་མཉམ་ཐོག་རྒྱ་རིགས་འབྲེལ་མཐུད་པར་དམིགས་བསལ་བསྐོ་བཞག་གནང་པ་དབུས་བོད་མའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་གནང་འདུག
གསལ་བསྒྲགས་དེའི་ནང་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ལོ་ངོ་བཅུ་ཙམ་གྱི་རིང་རྒྱ་བོད་འབྲེལ་བའི་ཉམས་མྱོང་ཡོད་ཅིང་། སྤྱི་ལོ་༢༠༡༠་ནས་བཟུང་རྒྱ་བོད་འབྲེལ་མཐུད་ཀྱི་ཚོགས་འདུ་འདྲ་མིན་ལ་མཉམ་ཞུགས་དང་ཚོགས་མིའི་ལས་འགན་ཁུར་མྱོང་ཡོད་པ་གསལ་འདུག ཚུལ་ཁྲོམས་རྒྱ་མཚོ་ལགས་ནི་ ༢༠༡༢ལོར་ནིའུ་ཡོག་གྲོང་ཁྱེར་དུ་ཚོགས་པའི་བོད་རྒྱ་འབྲེལ་མཐུད་ཀྱི་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ་ལ་མཉམ་ཞུགས་གནང་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་མཆོག་དབུ་བཞུགས་གནང་བའི་དམངས་གཙོའི་རྒྱ་ནག་དང་བོད་ཀྱི་མདུན་ལམ་ཞེས་པའི་ཚོགས་འདུ་ཐེངས་གཉིས་པར་མཉམ་ཞུགས་གནང་འདུག་ལ།  ཕྱི་ལོ་༢༠༡༧ལོར་དྷ་རམ་
ས་ལར་བསྐོང་ཚོགས་གནང་པའི་བོད་རྒྱ་འབྲེལ་མཐུད་པའི་ཚོགས་ཆེན་ལྔ་པ་དང་དེ་བཞིན་༢༠༡༨ལོར་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་དང་པོར་ཡང་མཉམ་ཞུགས་གནང་ཡོད་འདུག ཚུལ་ཁྲིམས་རྒྱ་མཚོ་ལགས་༢༠༠༢ལོར་ལྷ་སའི་སློབ་འབྲིང་ཞིག་ལ་བསྐྱོད་པ་དང་། རྗེས་སུ་རྒྱ་གར་ལ་ཡོང་ནས་༢༠༠༦ལོར་སུ་ཇ་(Suja)བོད་ཁྱིམ་སློབ་གྲྭར་བསྐྱོད། ༢༠༡༤ལོར་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་(Baruch College)མཐོ་སློབ་ནས་སློབ་མཐར་ཕྱིན་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ་དང་། ཀེ་ཐོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org