ཆིན་རྒྱ་ནག་གཞོན་ནུའི་འགོ་ཁྲིད།

རྒྱ་མིའི་དཔོན་པོ་Qin Yizhi རྒྱ་ནག་དམར་ཤོག་ཚོཌ་པའི་གཞོན་ནུའི་སྡེ་ཚོགས་ཀྱི་འགོ་ཁྲིད་ལ་བསྐོ་བཞག་བྱས་འདུག

རྒྱ་ནག་དམར་ཤོག་ཚོཌ་པའི་གཞོན་ནུའི་སྡེ་ཚོགས་ཀྱི་འགོ་ཁྲིད་ Qin Yizhi། རྒྱ་ནག་གི་གཞུང་འབྲེལ་དྲ་གནས།

༄༅།    །རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་བོད་མིའི་ཐོག་བཙན་བཀེལ་བྱེད་མཁན་བོད་ནང་གི་རྒྱ་མིའི་དཔོན་པོ་Qin Yizhi ཆིན་དབྱི་ཀྲི་རྒྱ་ནག་དམར་ཤོག་ཚོཌ་པའི་གཞོན་ནུའི་སྡེ་ཚོགས་ཀྱི་འགོ་ཁྲིད་ལ་བསྐོ་བཞག་བྱས་འདུག  ཁ་སང་སྡེ་ཚོགས་དེའི་གཞུང་འབྲེལ་དྲ་གནས་བརྒྱུད་ནས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་གཞོན་པའི་ལས་འགན་འཁུར་མཁན་རང་ལོ་༤༧ལ་སོན་པ་ཆིན་དབྱི་ཀྲི་རྒྱ་ནག་དམར་ཤོག་ཚོགས་པའི་གཞོན་ནུའི་སྡེ་ཚོགས་ཀྱི་གཙོ་འཛིན་ལ་བསྐོ་བཞག་བྱས་ལུགས་གསལ་བསྒྲགས་བྱས་འདུག    དེས་དེ་སྔ་ཧུ་ཅིང་ཐའོ་ལྟར་ཁོ་པས་མ་འོངས་པའི་རྒྱ་ནག་གི་འགོ་ཁྲིད་ཐད་ལས་འགན་ཆེ་བ་འཁུར་ཐུབ་པ་དང་སྲིད་འཛིན་ཟུར་པ་ཧུ་ཅིང་ཐའོས་མ་འོངས་པའི་རྒྱ་ནག་གི་འགོ་ཁྲིད་ཐོག་རང་ཉིད་ཀྱི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་འདུག  གཟའ་འཁོར་སྔོན་མའི་ནང་དགོངས་པ་ཞུས་པའི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིང་ཐོས་ཀྱང་ཕྱི་ལོ་༡༩༨༠རྒྱ་གྲངས་ནང་རང་གི་གཞི་རྩའི་དབང་ཆའི་སྟོབས་ཤུགས་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཞོན་ནུའི་སྡེ་ཚོགས་ཀྱི་གཙོ་འཛིན་བྱས་པ་དང་བོད་ནང་རྒྱ་ནག་དམར་ཤོག་ཚོཌ་པའི་འགོ་ཁྲིད་བྱས་ཏེ་རྩ་འཛུགས་ཐུབ་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org