ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས་རྒན་ཡོལ་ཞུས་པ།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་རྒན་ཡོལ་ཞུས་ཡོད་འདུག

ཁྲིམས་ཞིབ་པ་ངག་དབང་ཆོས་གྲགས་ལགས། བོད་ཀྱི་དུས་བབ།

ཕྱི་ཟླ་༨        ཚེས་ ༡༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་ཞིག་སྤེལ་ཡོད་པའི་ནང་།  ཁྲིམས་ཞིབ་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་༡༤པའི་ [ཁ]པ་དང་ ༤༤པའི་[ཀ]པའི་དགོངས་དོན།  ཕྱི་ཚེས་ ༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མཚན་ཐོག་རྒན་གཡོལ་གྱི་སྙན་ཞུ་ཕུལ་ཏེ།  ཕྱི་ཟླ་༩ པའི་ཚེས་༣ ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་ནས་དགོངས་པ་འཁྲོལ་ཡོད་འདུག
ངག་དབང་ཆོས་གྲགས་ལགས་ནི། བོད་ནང་འཁྲུངས་ཤིང་། ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བོད་དྲག་པའི་བཙན་བཟུང་བྱས་པའི་རྗེས་སུ། བཙན་བྱོལ་བོད་མི་བྱིངས་དང་མཚུངས་པར་རྒྱ་གར་ནང་བྲོས་བྱོལ་འབྱོར་བ་ཞིག་ཡིན་པ་དང་། རིམ་པས་མ་སུ་རི་བོད་གཞུང་གཏན་སློབ་དུ་སློབ་གྲྭར་བཞུགས་ཏེ། ཕྱི་ལོ་༡༩༧༣ལོར་ མ་སུ་རི་བོད་གཞུང་སློབ་གྲྭ་ནས་འཛིན་རིམ་༡༡ ཐོན་པའི་རྗེས་ནས་བཟུང་། ད་བར་བོད་གཞུང་གི་སྲིད་ཞུའི་ལས་དོན་སྣེ་མང་འགན་འཁུར་གྱིས། མཐར་ཕྱི་ལོ་༢༠༡༣        ཟླ་༡༠པའི་ནང་ ཆེས་མཐོའི་ཁྲིམས་ཞིབ་པར་བསྐོ་གཞག་བྱུང་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org