ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས།

ཨ་རིའི་གྲོང་ཁྱེར་ཆི་ཁ་གོའི་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་སྣའི་ཆེས་མཐོའི་ལྷན་ཚོགས།

༄༅༎ཨ་རིའི་གྲོང་ཁྱེར་ཤི་ཁ་གོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཇིམ་མི་ཁའར་ཀྲི་ དེ་བཞིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཡིན་པའི་སྐབས་ཀྱི་སྲིད་འཛིན་ཟུར་པ་མའེ་ཀལ་གོར་སྦ་ཆེལྦ་སོགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མི་སྣའི་ཆེས་མཐོའི་ལྷན་ཚོགས་ཞིག་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་གནང་གི་ཡོད་པ་རེད།
གྲོང་ཁྱེར་ཤི་ཁ་གོས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་དང་ཕྱི་རྒྱལ་ཡུལ་ཁག་གཞན་ཁག་གི་དབུ་འཁྲིད་མཉམ་ཞུགས་གནང་རྒྱུའི་བྱང་མཚོ་ཨེཊ་ལན་ཊིཀ་དམག་དོན་ཆིངས་ཡིག་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཚོགས་ལ་མགྲོན་བདག་ཞུ་རྒྱུའི་བདུན་འགའ་ཤས་གོང་དེར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་དེ་གོ་སྒྲིག་ཞུས་ཡོད་པ་རེད།ནོ་སྦེལ་ཞི་བདེའི་མི་སྣའི་ཆེས་མཐོའི་ལྷན་ཚོགས་ད་བར་ཐེངས་བཅུ་གྲངས་ཚོགས་གནང་ཡོད་ནའང༌།བྱང་ཨ་མི་རི་ཀའི་མངའ་ཁུལ་དུ་སྐོང་ཚོགས་གནང་བ་ད་རེས་ཐོག་མ་དེ་ཆགས་ཀྱི་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org