རྒྱ་རིགས་ཤིག་ལ་ནོ་སྦེལ་གཟེངས་རྟགས་ཐོབ་འདུག

རྒྱ་ནག་རྩོམ་པ་པོ་ མོ་ཡེན་ ལ་འདི་ལོའི་ནོ་སྦེལ་རྩོམ་བྲིས་ཀྱི་བྱ་དགའ་ཐོབ་ཡོད་ཀྱང་། རྒྱ་རིགས་མང་གཙོ་དོན་གཉེར་ཅན་གྱིས་མོ་ཡེན་ནི། རྒྱ་ནག་གུང་ཁྲན་ཏང་གི་རྒྱུགས་ཁྱི་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད།

2012.10.12

༄༅།    །ད་རེས་རྩོམ་པ་པོ་མོ་ཡེན་Mo Yan ལ་རྩོམ་བྲིས་ཀྱི་བྱ་དགའ་ཐོབ་པ་དེ་ནི།    རྒྱ་མི་རིགས་ཤིག་ལ་ནོ་སྦེལ་རྩོམ་བྲིས་བྱ་དགའ་ཐོབ་པ་ཐེངས་དང་པོ་དེ་ཡིན་པ་དང་། རེས་གཟའ་ཕུར་བུའི་ཉིན་བྱ་དགའ་ཐོབ་པའི་གནས་ཚུལ་ཐོན་པའི་རྗེས་རྒྱ་ནག་གཞུང་དང༌། གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཐོག་བསྔགས་བརྗོད་བྱས་པར་བརྟེན།    རྒྱ་རིགས་མང་གཙོ་དོན་གཉེར་ཅན་སོགས་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་ཚོས་རྣོ་ངར་ཆེན་པོས་Ma Yan ལ་བྱ་དགའ་ཐོབ་པ་དེར་སྐྱོན་བརྗོད་བྱེད་འགོ་བཙུགས་ཡོད་པ་རེད།
དེ་རིང་Ma Yan གྱིས་གསར་འགོད་འདུ་འཛོམས་ཐོག་ལ་ཕལ་ཆེར་རྒྱ་ནག་གཞུང་དང་མང་གཙོ་དོན་གཉེར་ཅན་ཕྱོགས་གཉིས་ཀར་ཁོང་ཁྲོ་བྱུང་བའི་རྣམ་འགྱུར་དང་བཅས། ཐོག་མར་ཁོང་ལ་སྐྱོན་བརྗོད་བྱས་པ་རྣམས་རྩིས་མེད་དུ་བཏང་སྟེ།    སྐྱོན་བརྗོད་བྱེད་མཁན་ཚོས་ངོས་ནས་བྲིས་པའི་དཔེ་དེབ་ཀྱི་ནང་དོན་ཡག་པོ་བྱས་ནས་བཀླགས་མེད་པ་རེད་ཅེས་དང༌། ངོས་ལ་Nobel རྩོམ་བྲིས་བྱ་དགའ་ཐོབ་པ་དེ་ནི། རྩོམ་བྲིས་ཀྱི་རྒྱལ་ཁ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་རྒྱལ་ཁ་ཞིག་མ་རེད། མའོ་རྩེ་ཏུང་གིས་ལྟ་གྲུབ་ཁག་ཅིག་ནི།    རྒྱུ་མཚན་ལྡན་པ་མཐོང་གི་ཡོད་ཅེས་བཤད་པའི་རྗེས། རྒྱ་ནག་གཞུང་ལ་ཁོང་ཁྲོའི་རྣམ་འགྱུར་དང་བཅས་ཏེ་ད་ལྟའི་རྒྱ་ནག་གི་བཙོན་དུ་ཡོད་པའི་མང་གཙོ་དོན་གཉེར་ཅན་རྩོམ་བྲིས་པ་Liu Xiaobao གང་མགྱོགས་གློད་བཀྲོལ་གཏོང་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎