༸གོང་ས་མཆོག་ནས་ཉི་ཧོང་དུ་གསུང་ཆོས་སྩལ་གནང་མཛད་པ།

༸གོང་ས་མཆོག་ནས་བྱམས་བརྩེའི་སེམས་བདེ་སྐྱིད་ལྡན་པའི་མི་ཚེའི་ལྡེ་མིག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྩལ་གནང་མཛད་ཡོད་པ་རེད།

2008.11.05

༄༅༎བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ཉི་ཧོང་གི་གྲོང་ཁྱེར་ཀི་རྟ་ཀི་ཤུ་ཟེར་བར་དད་ལྡན་ཆོས་ཞུ་བ་སོགས་མི་གྲངས་ལྔ་སྟོང་བརྒལ་བ་འདུ་འཛོམས་བྱས་པའི་སར་བྱམས་བརྩེའི་སེམས་བདེ་སྐྱིད་ལྡན་པའི་མི་ཚེའི་ལྡེ་མིག་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྩལ་གནང་མཛད་སྐབས་དེང་སྐབས་མི་རྣམས་ཀྱིས་འཚེ་བ་དང་དམག་འཁྲུག་རྒྱུ་ནོར་ལོངས་སྤྱོད་ཐོག་ལ་འདོད་རྔམས་བྱེད་བཞིན་པའི་དུས་སྐབས་འདིར་རིན་ཐང་བྲལ་བའི་བོད་ཀྱི་རིག་གཞུང་འདི་བཞིན་མི་ཉམས་གཅེས་འཛིན་ཉམས་པ་སོར་ཆུད་བྱེད་དགོས་པ་ནི་བོད་མི་རྣམས་ཀྱི་ཆེད་དུ་གནད་འགག་ཆེན་པོ་ཡིན་པ་ཙམ་གྱིས་མ་ཚད་འཛམ་གླིང་ཡོངས་ལའང་དགོས་གལ་ཆེ་བའི་རྩ་ཆེའི་རིག་གཞུང་ཞིག་རེད་ཅེས་བཀའ་སྩལ་ཡོད་པ་རེད། དེ་དང་དུས་མཉམ་དུ་ནང་པ་སངས་རྒྱས་ཀྱི་དམ་པའི་ཆོས་དང་མཐུན་པའི་བོད་ཀྱི་རིག་གཞུང་གཅེས་འཛིན་བྱ་རྒྱུའི་འགན་འཁུར་དེ་བོད་མི་ཚོ་གཅིག་པུ་མ་ཡིན་པར་དབུས་ཨེ་ཤེ་ཡ་དང་རྒྱ་ནག་རང་ལའང་ཐུག་བསྡད་ཡོག་རེད་ཅེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཆེ་ནན་ཏན་ངང་གསུང་ཡོད་པ་རེད། ངས་ད་ལྟ་བུར་དུ་འཛམ་གླིང་གི་སྐྱེ་འགྲོ་རྣམས་ཀྱིས་རེ་བ་ཡོངས་རྫོགས་ཕྱི་དངོས་པོའི་རྒྱུ་ནོར་ལོངས་སྤྱོད་ཐོག་ལ་བཅོལ་ཡོག་རེད་བསམ་གྱི་ཡོད་དེ་ནི་ཡ་རབས་བཟང་སྤྱོད་དང་མི་མཐུན་པ་དང་ལུས་སེམས་གཉིས་བདེ་གནས་ཡོང་རྒྱུའི་དོན་དུའང་ཕན་རླབས་མི་ཡོང་བའི་ཀུན་སྤྱོད་ཅིག་རེད་ཅེས་བཀའ་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་ཆོས་སྲིད་ཀྱི་མཛད་འཕྲིན་སྐྱོང་ཕྱིར་ཆིབས་བསྒྱུར་གནང་བའི་སྐབས་དང་བསྟུན་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ནན་ཀྲའོ་ཡིས་༸གོང་ས་མཆོག་ལ་ཉེ་ཆར་བཀའ་འདྲི་ཞུ་སྐབས་མགོན་པོ་གང་ཉིད་ཀྱི་སྐུའི་མཁྲིས་རྡོའི་སྙུངས་གཞི་ཐད་སྨན་བཅོས་གནང་བ་ལམ་ལྷོངས་བྱུང་ནས་ད་ཆ་སྐུ་ཁམས་གསལ་ཐང་ཡིན་ཞེས་དང་རྒྱ་ཆེའི་རླུང་འཕྲིནད་ཉན་མཁན་ཚོས་ངའི་ནད་གཞིའི་ཐད་བློ་གཡེང་བྱེད་པའི་གནས་ཚུལ་མང་པོ་ཞིག་ཁྱེད་ཚོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱང་སྲིང་བྱས་པ་དང་ཁྱེད་ཚོ་ཚང་མར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་གནང་མཛད་ཡོད་པ་རེད། གནངས་ཉིན་རེས་གཟའ་ཕུར་བུའི་ཉིན་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཉི་ཧོང་གི་མི་མང་ཚོར་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎