གློ་ནད་ཀྲི་སྦི་ལ་ད་ལྟའི་སྨན་གྱིས་ངོས་མི་ལེན་པའི་དཀའ་ངལ།

འཛམ་གླིང་ནང་སྨན་པ་དང་ཚན་རིག་པ་ཚོས་གློ་ནད་ཀྲི་སྦི་ལ་ད་ལྟའི་སྨན་གྱིས་ངོས་མི་ལེན་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་ལུགས།

2010.03.19

༄༅༎འཛམ་གླིང་ནང་སྨན་པ་དང་ཚན་རིག་པ་ཚོས་གློ་ནད་ཀྲི་སྦི་TBལ་ད་ལྟའི་སྨན་གྱིས་ངོས་མི་ལེན་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པའི་གནས་ཚུལ་གསུང་གི་ཡོད་ཀྱང། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ། དཀའ་ངལ་དེར་གདོང་ལེན་བྱེད་དགོས་པའི་ཉེན་ཁ་ཇི་ཙམ་ཡོད་པའི་ར་སྤྲོད་ཐུབ་པའི་དཔང་རྟགས་ཆ་ཚང་བ་མེད་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ལོ་༢༠༠༨ནས་འཛམ་གླིང་ནང་དུ་གློ་ནད་ཀྲི་སྦི་TBལ་སྨན་གྱིས་ངོས་ལེན་མི་བྱེད་པའི་དཀའ་ངལ་ཇི་ལྟར་ཡོད་མེད་ཀྱི་གནས་སྟངས་ཐོག་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་གསར་པ་དེ་ནི། ཁོང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཁག་༣༥་ནང་ལ་ཞིབ་འཇུག་བྱས་པར་གཞི་བཅོལ་ཏེ་འདོན་སྤེལ་གནང་བ་དང། སྙན་ཐོའི་ནང་དུ། གློ་ནད་ཀྲི་སྦི་ལ་ད་ལྟའི་སྨན་གྱིས་ངོས་མི་ལེན་མཁན་གྱི་ནད་པའི་ནང་ནས་མང་ཆེ་བ་རྒྱ་ནག་དང་རྒྱ་གར་ནང་ཡིན་པ་མ་ཟད། རྒྱལ་ཁབ་དེ་གཉིས་ནང་ལ་རྒྱུན་དུ་གློ་ནད་TBལ་སྨན་གྱིས་ངོས་མི་ལེན་པའི་ནད་པ་གསར་པ་འབུམ་གཅིག་ཙམ་ཐོན་གྱི་ཡོད་པའི་གནས་ཚུལ་གསུངས་ཡོད་པ་རེད། ད་དུང་གློ་ནད་TBལ་སྨན་གྱིས་ངོས་མི་ལེན་པའི་ནད་པ་གྲངས་ཀ་མཐོ་བའི་རྒྱལ་ཁབ་ནི་ཤར་ཡོ་རོབ་དང་དབུས་ཨེ་ཤི་ཡ་ཡིན་ཞིང། ཏ་ཇི་ཀི་སི་ཐན་ནང་གི་ས་ཁུལ་ཁག་ཅིག་ནང་དུ་མི་དམངས་བརྒྱ་ཆ་དྲུག་བཅུ་ལྷག་གློ་ནད་TBགྱི་ནད་པ་ཡིན་པ་དང། ཨུ་ཛི་སྦི་ཀི་སི་ཐན་ནང་དུ་གློ་ནད་TBལ་སྨན་གྱིས་ངོས་མི་ལེན་པའི་ནད་པའི་གྲངས་འབོར་འཕེལ་རྒྱས་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་འཛམ་གླིང་ཁྱོན་ཡོངས་ཀྱི་གློ་ནད་TBགྱི་ནད་པར་དུས་རྒྱུན་གྱི་སྨན་གྱིས་ངོས་མི་ལེན་པའི་ནད་པའི་གྲངས་འབོར་ནི་བརྒྱ་ཆ་བཞི་ཙམ་ཡིན་པ་དང། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ལོ་༢༠༠༨ལོར་སྨན་གྱིས་ངོས་མི་ལེན་མཁན་གྱི་ནད་པའི་གྲངས་ཀ་ནི་འབུམ་གསུམ་ནས་ལྔ་འབུམ་ཆིག་ཁྲི་བར་བྱུང་ཡོད་པའི་བསྡོམས་རྩིས་སྐྱོན་པ་དང། དེའི་གྲངས་ཀའི་ནང་དུ་ནད་པ་གཅིག་འབུམ་ལྔ་ཁྲི་ནི། འགོས་ནད་དེའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཟིན་པའི་ནད་པའི་གྲངས་འབོར་ཡིན་པ་གསུང་སྟེ། དེར་བརྟེན་ད་ལྟའི་དུས་སྐབས་དེར་གློ་ནད་TBལ་ད་ལྟའི་སྨན་གྱིས་ངོས་མི་ལེན་པའི་དཀའ་ངལ་དེ་ནི་འཛམ་གླིང་གི་ནང་དུ་འཕེལ་རྒྱས་འགྲོ་བའམ་ཡང་ན་ཉུང་དུ་འགྲོ་གི་ཡོད་མེད་གཉིས་ཀར་ཁ་མཚོན་གཅོད་ཐུབ་པ་ཞིག་མིན་པའི་སྐོར་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎