ཨ་རིས་རྡོ་སྣུམ་ནང་འདྲེན་ཉུང་དུ་གཏང་རྒྱུ།

ཕྱི་ལོ་༢༠༢༥འི་གོང་ཨ་རིའི་ནང་རྡོ་སྣུམ་གྱི་དགོས་མཁོ་ཕྱི་རྒྱལ་ཡུལ་ཁག་ནང་ནང་འདྲེན་བྱེད་རྒྱུ་གསུམ་ཆ་གཅིག་ཙམ་ཉུང་དུ་གཏོང་ཐབས།

༄༅༎ཨ་རིའི་སྲིད་འཛིན་ཨོའོ་བ་མ་མཆོག་གིས་ཕྱི་ལོ་ཉིས་སྟོང་ཉི་ཤུ་རྩ་ལྔའི་གོང་ཨ་རིའི་ནང་རྡོ་སྣུམ་གྱི་དགོས་མཁོ་ཕྱི་རྒྱལ་ཡུལ་ཁག་ནང་ནང་འདྲེན་བྱེད་རྒྱུ་གསུམ་ཆ་གཅིག་ཙམ་ཉུང་དུ་གཏོང་ཐབས་གནང་རྒྱུ་ཡིན་པ་གསུངས་འདུག

ཨ་རིའི་སྲིད་འཛིན་ནས་གཟའ་སྤེན་པའི་ཉིན་གཟའ་འཁོར་རེའི་རླུང་འཕྲིན་དང་དྲ་རྒྱའི་ཐོག་ནས་གཏམ་བཤད་སྤེལ་གནང་བའི་སྐབས། མ་འོངས་ཁོར་ཡུག་ལ་གནོད་ཚབས་ཆུང་བའི་ནུས་པའི་འབྱུང་ཁུངས་བེད་སྤྱད་ནས་རྡོ་སྣུམ་གྱི་གོང་ཚད་ཇེ་ཐོར་འགྲོ་བཞིན་པའི་གནས་སྟངས་དེར་སྟངས་འཛིན་ཐུབ་ཐབས་གནང་རྒྱུའི་སྐོར་གསུངས་ཡོད་པ་རེད། དེ་བཞིན་ཨ་རིའི་སྲིད་འཛིན་ཨོའོ་བ་མ་ཡི་མ་འོངས་ནུས་པའི་འབྱུང་ཁུངས་སྐོར་གྱི་འཆར་གཞིའི་ནང་ཨ་རིའི་ནང་གི་རྡོ་སྣུམ་སྔོག་འདོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་ ཨ་རི་གཞུང་གིས་ གོང་ཚད་ཆུང་བའི་མོ་ཊའི་རིགས་ཀྱི་ནུས་པ་འཕེལ་རྒྱས་གཏང་ནས་དེས་ཕྱི་རྒྱལ་ནས་རྡོ་སྣུམ་འཕོན་ཆེ་ནང་འདྲེན་བྱ་རྒྱུའི་གནས་སྟངས་དེར་བཀག་སྡོམ་ཐུབ་ཏེ་ ཁོར་ཡུག་ལ་སྲུང་སྐྱོབས་ཀྱི་ལས་དོན་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་རྒྱུའི་སྐོར་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org