རྒྱ་གར་དང་པ་ཀིསི་ཏན་དབར་ཆེས་མཐོའི་གྲོས་མོལ་གནང་རྒྱུ།

རྒྱ་གར་དང་པ་ཀིསི་ཏན་དབར་ཆེས་མཐོའི་གྲོས་མོལ་གནང་རྒྱུའི་ནང་ད་ལྟ་འགྲོ་བཞིན་པའི་ཕྱོགས་གཉིས་དབར་གྱི་གནད་དོན་བསྐྱར་ཞིབ་གནང་རྒྱུ་ཡིན་འདུག

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་དང་པ་ཀིསི་ཏན་ཡུལ་གྲུ་གཉིས་དབར་ཆེས་མཐོའི་གྲོས་མོལ་གནང་རྒྱུའི་ནང་ད་ལྟ་འགྲོ་བཞིན་པའི་ཕྱོགས་གཉིས་དབར་གྱི་གནད་དོན་བསྐྱར་ཞིབ་གནང་རྒྱུ་དང་ ཐེངས་རྗེས་མའི་གྲོས་མོལ་གྱི་དུས་ཚོད་གཏན་འཁེལ་བཟོ་གནང་རྒྱུ་ཡིན་པ་རེད་ཅེས་གཞུང་འབྲེལ་གསལ་སྟོན་གནང་བཞག

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ ཤིཝི་ཤང་ཀར་མེ་ནོན་ མཆོག་གིས་སྣེ་ཁྲིད་གནང་བའི་གྲོས་མོལ་སྐུ་ཚབ་འཐུས་མི་དང་པ་ཀི་སི་ཏན་གྱི་ཕྱི་སྲིད་དྲུང་ཆེ་ སཱལ་མའན་སྦ་ཤིར་ མཆོག་གིས་སྣེ་ཁྲེད་གནང་བའི་སྐུ་ཚབ་འཐུས་མི་རྣམ་པའི་དབར་སང་ཉིན་རེས་གཟའ་ལྷག་པའི་ཉིན་ཕན་ཚུན་མཇལ་འཕྲད་གནང་སྟེ་ ཡུལ་གྲུ་གཉིས་དབར་ཆེས་མཐོའི་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ མུ་ཁར་ཇི་ མཆོག་དེ་རིང་རེས་གཟའ་ལྷག་པའི་ཕྱི་དྲོ་ ཨིསི་ལ་མ་སྦའ་རྡེ་ ནང་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་ཁོང་དེར་བཞུགས་རྒྱུའི་རིང་པ་ཀི་སི་ཏན་གྱི་ཕྱི་སྲིད་བློན་ཆེན་ལྷན་དུ་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་གནད་དོན་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ ད་རེས་ཀྱི་གནད་དོན་བསྐྱར་ཞིབ་མཇལ་མོལ་དེས་ཡུལ་གྲུ་དབར་གྱི་འབྲེལ་བའི་གནད་དོན་ཐད་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་ཐོག་འབྱུང་འགྱུར་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བའི་གནད་དོན་ཐོག་དོན་དང་ལྡན་པའི་གྲོས་མོལ་གནང་ཕྱོགས་ཐོག་ལའང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་ལུགས་བརྗོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org