པ་ཀི་སི་ཐན་གྱིས་ཨ་རིའི་བདེ་དྲུང་ཆེ་ལ་ལན་འདེབས།

པ་ཀིསི་ཐན་ནང་འཇིགས་བསྐུལ་དྲག་སྤྱོད་པ་གབ་ཡིབ་གནས་སྡོད་བྱེད་བཞིན་པ་གསུངས་བ་དེར་པ་ཀི་སི་ཐན་གྱིས་ངོས་ལེན་བྱས་མེད་པ་རེད།

༄༅༎ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེས་པ་ཀིསི་ཐན་ནང་གབ་ཡིབ་གནས་སྡོད་བྱེད་བཞིན་པའི་དྲག་སྤྱོད་པ་ཚོ་མེད་པ་བཟོ་ཐབས་སུ་པ་ཀིསི་ཐན་གཞུང་གིས་ལས་དོན་མང་ཙམ་གཉེར་རྒྱུར་དྭངས་ལེན་མ་བྱེད་པར་ཨ་མི་རི་ཀས་ངང་རྒྱུད་བརླག་འགྲོ་གི་ཡོད་པ་གསུངས་བར་བརྟེན། གཟའ་སྤེན་པའི་ཉིན་པ་ཀིསི་ཐན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མོ་ཨ་ཛམ་ཨེ་མརྡ་ཁའན་གྱི་མིང་ཐོག་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང༌། ཨ་མི་རི་ཀའི་བདེ་སྲུང་བློན་ཆེན་ ལེའོན་ པ་ནེ་ཏས་ པ་ཀིསི་ཐན་ནང་འཇིགས་བསྐུལ་དྲག་སྤྱོད་པ་ཉེན་ཁ་གང་ཡང་མེད་པའི་ཐོག་ནས་གབ་ཡིབ་གནས་སྡོད་བྱེད་བཞིན་ཡོད་ལུགས་དང་འབྲེལ་བའི་བཀའ་མོལ་གསུངས་པ་དེར་ང་ཚོས་ངོས་ལེན་བྱེད་རྒྱུ་མིན་ལ། བདེ་སྲུང་བློན་ཆེན་གྱི་ངོས་ནས་ འཇིགས་བསྐུལ་དྲག་སྤྱོད་པ་དང་ཆོས་ལུགས་ཐ་ཞན་གྱི་དྲག་སྤྱོད་པ་དང་འབྲེལ་བའི་གནད་དོན་ཧ་ཅང་གི་མགོ་རྙོག་ཅན་དེ་འགྲེལ་བརྗོད་ཧ་ཅང་གི་ལས་སླ་པོ་ཞིག་གནང་བར་ང་ཚོས་མཐོང་གི་འདུག་ཅེས་བརྗོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org