པ་ཀི་སྟན་ཡུལ་མི་ཞིག་འབར་རྫས་རྒྱུ་ཆ་འཁྱེར་བར་འཛིན་བཟུང༌།

ཅི་ལེ་ནང་ཨ་མི་རི་ཀའི་གཞུང་ཚབ་ནང་འབར་རྫས་ཀྱི་རྒྱུ་ཆས་ཐོགས་པའི་པ་ཀི་སྟན་གྱི་ཡུལ་མི་གཅིག་བཀར་ཉར་གྱིས་ཁྲིམས་ཐོག་སྐྱེལ་འདུག

༄༅༎ཅི་ལེ་ནང་ཨ་མི་རི་ཀའི་གཞུང་ཚབ་ནང་འབར་རྫས་ཀྱི་རྒྱུ་ཆས་ཐོགས་པའི་པ་ཀི་སྟན་གྱི་ཡུལ་མི་གཅིག་བཀར་ཉར་གྱིས་ཁྲིམས་ཐོག་སྐྱེལ་ཡོད་འདུག

བདུན་ཕྲག་སྔོན་མ་རང་ལོ་༢༨ཡིན་པའི་པ་ཀི་སྟན་གྱི་ཡུལ་མི་མུ་ཧ་ཎ་སེ་སའེཕ་ཨུར་རེ་ནབ་ཀྭན་ཅི་ལེའི་ནང་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་བཅར་སྐབས་ཉེན་སྲུང་མི་སྣས་དོ་བདག་གི་ལག་འཁྱེར་ཁ་པར་དང་ཡིག་ཆའི་ཐོག་འབར་རྫས་ཀྱི་ཤུལ་ཐོན་པར་བརྟེན་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དོ་བདག་ཨ་རིར་འགྲོ་ཆོག་པའི་མཐོང་མཆན་དེའི་གོང་ལ་ཕྱིར་བསྡུ་བྱས་པ་དེའི་སྐོར་གྲོས་བསྡུར་བྱེད་བསྐྱར་དུ་སྐད་བཏང་ཡོད་འདུག ཕྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་པ་ཀི་སྟན་གྱི་མི་རིགས་དང་ཨ་རིའི་མི་སེར་ཡིན་པ་ཕའི་སལ་ཤྭ་ཛརྡ་ཡིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཁ་ནང་དྲག་ལས་སྤེལ་རྩིས་བྱས་པའི་རྗེས་སུ་ཨ་རིའི་གཞུང་གིས་དོ་བདག་དང་ལག་འབྲེལ་ཡོད་པའི་མི་སྣ་དང་སྒྲིག་འཛུགས་ས་ཕྱོགས་གང་སར་བརྩད་གཅོད་བྱེད་བཞིན་པར་ལྟར་གོང་ཞུས་ཅི་ལེའི་ནང་ཨ་རིའི་གཞུང་ཚབ་ནང་འཛིན་བཟུང་བྱས་པའི་མི་སྣ་དེར་ཡང་དྭོགས་པ་བྱེད་ཀྱི་ཡོད་རེད་ དོ་བདག་རིང་མིན་རྒྱལ་ས་སན་ཏི་ཡ་གྭོ་ནང་ཁྲིམས་གཏུགས་བྱེད་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org