རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུའི་མིང་བཏོན་མི་འདུག
རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ད་ལོའི་རྒྱ་ནག་ཆབ་སྲིད་གྲོས་ཚོཊ་ཀྱི་ཚོཊ་གཞོན་དུ་བསྐོ་བཞག་བྱས་མེད་པ་རེད།
-
2015-03-13 -
-
-
རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་ཡང་སྲིད་རྒྱལ་མཚན་ནོར་བུ་ད་ལོའི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བསྐོ་བཞག་བྱས་མེད་པ་རེད།
དེ་ཡང་རྒྱ་ནག་རྒྱ་མཚོའི་སྔ་དྲོའོ་ཕོ་ཉ་ཞེས་པས་གནས་ཚུལ་སྤེལ་དོན། ཁ་ས་ཉིན་རྒྱབ་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་ཆེན་མཇུག་སྒྲིལ་མཛད་སྒོ་ཚུགས་ཡོད་པ་དང་། ཡིན་ནའི་ད་ལོའི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསྐོ་བཞག་བྱ་རྒྱུའི་ཐོ་གཞུང་ནང་པན་ཆེན་རྒྱལ་མཚན་ནོར་བུའི་མིང་བཏོན་མེད་ཀྱང་། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱན་མཚན་ནོར་བུར་གཞུང་ཕྱོགས་ནས་མུ་མཐུད་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གྱི་ཡོད་པས་ད་ལོའི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བསྐོ་བཞག་བྱ་རྒྱུའི་རེ་བ་དེ་ཙམ་མེད་སྐོར་འཁོད་འདུག ད་ལོ་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་སློབ་སྟོན་ཚོགས་ཆུང་གིས་བཏོན་པའི་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན་འདེམས་སྒྲུག་བྱ་རྒྱུའི་ཐོ་གཞུང་ནང་རྒྱ་ནག་ནང་གི་ཡི་ཤུའི་གནམ་བདག་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་གཞོན་ལིའུ་བོའོ་ཉན་དང་། མེའོ་ཁའོ་འམ་ཨའོ་མན་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་ཧའ་ཧའུ་ཧཨའོ་གཉིས་བཏོན་ཡོད་འདུག
ཚོགས་ཆེན་མཇུག་སྒྲིལ་མ་བྱས་སྔོན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་ཚོས། ད་ལོའི་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན་བདམས་ཡོད་པ་དང་། པན་ཆེན་རྒྱན་མཚན་ནོར་བུ་འདས་པའི་ལོ་ངོ་ཁ་ཤས་རིང་རྒྱ་ནག་གཞུང་གིས་གསོ་སྐྱོང་འོག་ཆབ་སྲིད་གྲོས་ཚོགས་ཀྱི་ ཚོགས་ཆེན་དུ་གདན་ཞུ་བྱས་ཡོད་ཅིང་། ཆོས་ལུགས་སྡེ་ཚན་གྱི་མིང་ཐོག་ནས་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་པའི་སྐབས། ཁོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་དགོངས་གཞི་དར་སྤེལ་གཏོང་རྒྱུ་སོགས་བརྗོད་ཡོད་པ་རེད། ཡིན་ན་ཡང་ཆོས་ལུགས་སྡེ་ཚན་ནང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐོར་གླེང་སློང་བྱ་རྒྱུར་དོགས་ཟོན་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་སྐུ་ཚབ་རྣམས་ཀྱིས་གནད་དོན་དེའི་ཐོག་གཡོལ་ཐབས་ཀྱི་རྣམ་འགྱུར་བཏོན་ཡོད་ཀྱི་ཡོད་པའི་ཁར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཞོན་པའི་གྲས་སི་ཐར་ལགས་ཀྱིས། པན་ཆེན་རིན་པོ་ཆེར་ཆོས་ལུགས་ཀྱི་ཤེས་ཡོན་ཙམ་མ་ཚད་དེ་མིན་གྱི་ཚན་རིག་དང་། དབྱིན་ཡིག་སོགས་ཀྱི་ཤེས་བྱ་སོགས་སློབ་སྦྱོང་སྤྲོད་བཞིན་པར་བརྟེན་ཁོང་གིས་མ་འོངས་བོད་བརྒྱུད་ནང་བསྟན་ཐོག་དེ་བས་ནུས་པ་ཆེ་བ་བཏོན་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་སོགས་ལས་དེ་མིན་གྱི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།
གསར་འགོད་པ་འཆི་མེད།