བོད་དོན་གླེང་སློང་དང་ལས་འགུལ་སྤེལ་དགོས་པའི་གསལ་བསྒྲགས།
འཛམ་གླིང་གྲོས་ཚོགས་འཐུས་མི་ཁག་གིས་བོད་དོན་རྒྱབ་སྐྱོར་དང་བོད་ནང་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་ཉིན་མོར་སྲུང་བརྩི་དགོས།
-
2012-06-09 -
-
-
༄༅༎རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གིས། ཟླ་ ༦ ཚེས་ ༢༠ ཉིན་འཛམ་གླིང་གྲོས་ཚོཌ་འཐུས་མི་ཁག་གིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་བོད་ནང་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོར་སྲུང་བརྩི་དགོས་པའི་གསལ་བསྒྲགས་སྤེལ་འདུག
གསལ་བསྒྲགས་དེའི་ནང༌། ཕྱི་ཟླ་༦་ཞེས་༢༠་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཉིན་མོ་དང་སྟབས་བསྟུན། འཛམ་གླིང་ཕྱོགས་མཐར་ཡོད་པའི་གྲོས་ཚོགས་འཐུས་མི་རྣམས་ནས། གྲོས་ཚོགས་འཚོགས་བཞིན་པ་ཡིན་ན་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་དགོས་པ་དང༌། གྲོས་ཚོགས་ཚོགས་མེད་པ་ཡིན་ན་ཡང་རྒྱུས་ལས་ནང་དང༌། རང་རང་གི་གཞུང་ལ་བོད་དོན་སྐོར་གླེང་སློང་ཞུ་གཏུག་དང༌། གཞན་ཡང་གསར་འགོད་ལྷན་ཚོགས་བསྐོང་བ་སོགས་་དམངས་སུ་བོད་དོན་སྐོར་ལས་འགུལ་སྣ་ཚོགས་སྤེལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད༎